༼ཕར་རྒོལ་གྱིས་འཛིན་བྱང་བཙོང་། འགོག་སྲུང་གིས་ཨང་དང་བོ་ལེན། ༽ཞེས་པའི་ནང་དོན་ནི། ཕར་རྒོལ་ལ་སྤྲོ་སྣང་གིས་ཁེངས་ནའང་། འགོག་སྲུང་ནན་མོ་བྱེད་པའི་རུ་ཁག་ལ་མཇུག་མཐའི་རྒྱལ་ཁ་ཐོབ་པའི་རེ་བ་ཡོད། དཔེར་ན། གསེར་གྱི་མངའ་སྡེའི་དཔའ་རྟུལ་རུ་ཁག་ལོ་རེར་NBAརྟིང་རྩོད་ལས་རྒྱལ་སྐབས། འགྲན་ཡའི་རུ་ཁག་གི་སྤོལ་འཕེན་གཟུ་ཚད་ཆེས་དམའ་མོ་དེ་རེད། “ 15、17、18”) ཡིན་ནའང་། གོང་འཕེལ་ལ་འགྲོ་བཞིན་པའི་རུ་ཁག་གསར་བ་མང་བོ་ཞིག་གིས་འགོག་སྲུང་ལ་གཟབ་ནན་དང་དོ་སྣང་། ལག་ལེན་སྦྱོང་བརྡར་མི་བྱེད་པས། འགོག་སྲུང་སྦྱོང་བརྡར་མེད་པའི་རུ་ཁག་ཅིག་དང་བསྡུར་ན། འགོག་སྲུང་བྱས་པ་བཟང་བའི་རུ་ཁག་ལ་ཁེ་ཕན་མང་།
(1) དྲི་བ། ཅིའི་ཕྱིར་འགོག་སྲུང་ནི་དེ་འདྲའི་གལ་ཆེན་ཞིག་ཡིན།
ལན། སྤྱིར་བཏང་དུ་འགོག་སྲུང་གལ་ཆེ་བའི་རྒྱུ་མཚན་གང་མང་ཞིག་ཡོད་ནའང་། འདིར་རེ་འགའ་ཞིག་བཤད་ན།
གལ་སྲིད་གཞན་པའི་རུ་ཁག་གི་སྐར་མ་ལེན་ཚད་ཁྱོད་ལས་མང་ན། ཁྱོད་ཕམ་སོང་བ་རེད། དེ་བས། གཞན་གྱི་སྐར་གཉིས་ཐོབ་ཚད་ལ་འགལ་རྐྱེན་བཟོ་བ་ནི་རང་ལ་སྐར་གཉིས་ཐོབ་པ་དང་འདྲ་བར་ཤིན་ཏུ་གལ་ཆེ།
འགོག་སྲུང་ལ་སྤོ་ལོའི་འཇོན་ནུས་མང་བོ་མ་འཛོམས་ན་ཆོག གཙོ་བོ་རིག་པ་སྒྲིམ་ནས་ལུས་ཀྱིས་འབད་བརྩོན་བྱས་པས་ཆོག ཡིན་ནའང་། ཕར་རྒོལ་ལ་ཁྱོད་ཀྱིས་དུས་ཚོད་མང་བོ་བཏང་ནས་རང་གི་ནུས་རྩལ་༼སྤོལ་འཕེན། སྤོལ་རྡེབ། ལག་བརྒྱུད།༽ སྦྱོང་བརྡར་དང་གོང་འཕེལ་གཏོང་དགོས། ཕར་རྒོལ་བ་རྩེ་གྲ་ཞིག་ལས་འགོག་སྲུང་བ་རྩེ་གྲ་ཞིག་ཏུ་འགྱུར་བར་ལྟོས་བཅས་ཀྱིས་ལས་སླ་རུ་ཡོད།
སྤོལ་འཕེན་ནི་ཤིན་ཏུ་གལ་ཆེ་བའི་ནུས་རྩལ་གྱི་རིགས་ཤིག་ཡིན་པར་མ་ཟད། གཟུ་ཚད་མཐོ་བའི་སྤོལ་འཕེན་ལ་རྒྱུ་རྐྱེན་མང་བོ་ཞིག་ཚང་དགོས། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་གཟུ་ཚད་ཇེ་དམའ་དང་ནོར་འཁྲུལ་འབྱུང་སླ་བ་ནི་རྒྱུན་ལྡན་རེད། དེ་བས། སྤོོལ་འཕེན་གནས་བབ་ཐབས་སྡུག་དང་། ༼ཁེ་རི་ལ་མཚོན་ནའང་དེ་ལྟར་རེད།༽ཕར་རྒོལ་གྱིས་གཟུ་ཚད་ལ་ཤུགས་རྐྱེན་ངེས་ཅན་ཐེབས། ཡིན་ནའང་། འགོག་སྲུང་གི་ཕྱོགས་ནས་བློ་རིག་སྒྲིམ་ནས་ལུས་ཀྱིས་འབད་བརྩོན་བྱས་པས་ཆོག་ལ། དེ་ནི་ནམ་ཡང་གཏན་འཇགས་དང་རྒྱུན་འཁྱོངས་བྱེད་སླ་བས། འགོག་སྲུང་ནི་སྤོལ་འཕེན་དང་ཕར་རྒོལ་ལ་བསྡུར་ན། ནོར་འཁྲུལ་འབྱུང་བའི་ཉེན་ཁ་ཆུང་།
འགོག་སྲུང་བྱས་པ་བཟང་ན་ཕར་རྒོལ་ལ་རམ་འདེམས་ཡག་པ་བྱེད་ཐུབ། ཕར་རྒོལ་གྱི་སྤོལ་ཤོར་དང་སྤོལ་འཕེན་གཟུ་ཚད་དམའ་མོ། པང་སྤོལ་སོགས་ཀྱིས་ཕར་རྒོལ་སྐབས་མགྱོགས་རྒོལ་བྱེད་པར་ཕན་ཐོགས་པས། འདིས་ནི་སྤོལ་འཕེན་གཟུ་ཚད་ཇེ་མཐོ་རུ་གཏོང་ཐུབ། རྒྱུ་མཚན་གཞན་པའི་རུ་ཁག་གིས་དེ་མ་ཐག་འགོག་སྲུང་ལ་གྲ་སྒྲིག་བྱེད་ཐབས་མེད། གལ་ཏེ་ཁྱོད་ཀྱིས་འགོག་སྲུང་བྱས་པ་མི་བཟང་ན། ཕར་རྒོལ་བས་སྐར་མ་མཐོན་པོ་ལོན་པར་མ་ཟད། ཁྱོད་ཀྱིས་སྤོལ་སྒྲོམ་འོག་ནས་སྤོ་ལོ་ཕྱིར་ཐིག་ནང་དུ་སྟེར་རག་བར། གཞན་པའི་རུ་ཁག་ལ་འགོག་སྲུང་གི་ཆེད་དུ་གྲ་སྒྲིག་བྱེད་པའི་འདང་ངེས་ཀྱི་དུས་ཚོད་ཡོད།
འགོག་སྲུང་བྱས་པ་མི་བཟང་བའི་རྩེད་མོ་བ་ཞིག་སྦ་གསང་བྱ་ཐབས་མེད། ཕར་རྒོལ་བའི་དམིགས་འབེན་ནི་འགོག་སྲུང་བྱས་པ་མི་བཟང་བའི་རྩེད་མོ་བ་ཡིན། རྒྱུ་མཚན་སྐར་མ་ཐོབ་སླ། ཕར་རྒོལ་བྱས་པ་མི་བཟང་བའི་རྩེད་མོ་བ་ཞིག་ལྟོས་བཅས་ཀྱིས་སྦ་གསང་བྱེད་སླ། ཁོ་ལ་སྤོ་ལོ་བརྒྱུད་དགོས་པའི་ངེས་པ་མེད། ༼གཞན་ལ་རམ་འདེགས་དང་པང་སྤོལ་བླངས་ཆོག༽ དཔེ་བཞག་ན། གལ་སྲིད་ཁྱོད་ལ་ཕར་རྒོལ་ལ་བཟང་བའི་རྩེད་མོ་བ⅘ཡོད་ན། སྔར་བཞིན་ཁྱོད་ཚོའི་སྤོལ་འཕེན་གཟུ་ཚད་མཐོན་པོ་ཡོད་ཅིང་། གལ་སྲིད་ཁྱོད་ལ་འགོག་སྲུང་བྱས་པ་བཟང་བའི་རྩེད་མོ་བ་⅘ལས་མེད་ནའང་། ཁྱོད་ཚོའི་སྤོལ་འཕེན་གཟུ་ཚད་མཐོ་རུ་འགྲོ་བའི་རེ་བ་ཡོད། གང་ལྟར། ཁྱོད་ཀྱི་རྩེད་མོ་བ་ཚང་མས་འགོག་སྲུང་ལ་ནུས་པ་འབུར་དུ་འདོན་ཐུབ་ན། ནམ་ཡང་ཁྱོད་ནི་གཞན་ལས་ལྷག་པའི་རུ་ཁག་སྟོབས་ལྡན་ཞིག་ཏུ་འགྱུར་ངེས།
མིག་སྔའི་རུ་ཁག་དང་རྩེད་མོ་བ་མང་ཆེ་ཤོས་ཀྱིས་ཕར་རྒོལ་ཁོ་ནར་གཙུགས་ཆེན་བྱེད་པས། ཁྱོད་ཀྱིས་འགོག་སྲུང་དམིགས་སུ་བཟུང་ན་དེ་ལས་ཁེ་ཕན་ཐོབ་སྲིད།
(2) དྲི་བ། འགོག་སྲུང་བྱེད་སྟངས་ལ་རིགས་མི་འདྲ་བ་ག་ཙམ་ཡོད།
ལན། འགོག་སྲུང་བྱེད་སྟངས་ལ་རིགས་གཙོ་བོ་གཉིས་ཡོད། དེ་ནི་རྩེད་མོ་བ་འགོག་སྲུང་དང་ས་ཁོངས་འགོག་སྲུང་ཡིན། དེ་གཉིས་རེ་རེར་ནང་གསེས་དབྱེ་བ་རྩེད་ཐང་ཧྲིལ་བོ་དང་རྩེད་ཐང་ཕྱེད་ཀ རྩེད་ཐང་¾། རྩེད་ཐང་¼་བཅས་བཞི་ཡོད། རེ་རེ་ལ་གནས་བབ་དང་བསྟུན་ནས་འགྱུར་ལྡོག་ཅུང་མང་བས། ང་ཚོས་རྗེས་ནས་ཞིབ་ཕྲ་བཤད།
(3) དྲི་བ། ང་ཚོའི་རུ་ཁག་གིས་འགོག་སྟངས་གང་ཞིག་བེད་སྤྱོད་གཏོང་འོས།
ལན། འགོག་སྟངས་རེ་རེར་རང་གི་བཟང་ཆ་དང་ཞན་ཆ་རེ་ཡོད་ཅིང་། གཙོ་བོ་འགྲན་སྡུར་གྱི་གནས་ཚུལ་དང་། ཕར་རྒོལ་བ། འགོག་སྲུང་བ་རང་ཉིད་ལ་ཐུག་ཡོད། དེ་ནི་སྤོ་ལོའི་མཚར་སྡུག་གི་ཆ་ཡིན། གཞི་རྩའི་ཆ་ནས། ང་ཚོ་ཚང་མས་རྩེད་ཐང་¼གི་རྩེད་མོ་བའི་འགོག་སྲུང་བྱེད་སྟངས་ཤེས་དགོས། འདི་ནི་འགོག་སྟངས་གཞན་ཐམས་ཅད་ཀྱི་རྨང་གཞི་ལྟ་བུ་ཡིན།