དཀར་ཆག > 1. ངོ་སྤྲོད་མདོར་བསྡུས། > 1.1. བདག་དབང་། > 
1.1.2. ཕར་རྒོལ་བདག་དབང་།
 

(1) དྲི་བ། ཁྱོད་ཀྱིས་ཇི་ལྟར་ཕར་རྒོལ་བདག་དབང་ལས་རྒྱལ་ཁ་ལེན་སྲིད།

ལན། དེ་ནི་འགོག་སྲུང་དང་འདྲ་བར་ཐབས་ཇུས་མང་བོ་ཞིག་ཡོད། ཡིན་ནའང་། གཞི་རྩའི་ཆ་ནས་བཤད་ན། ཕར་རྒོལ་རེ་རེའི་བདག་དབང་གི་དམིགས་འབེན་ནི་སྤོལ་འཕེན་གཟུ་ཚད་མཐོན་པོ་ལ་སླེབས་སུ་འཇུག་རྒྱུ་དང་། ཡང་ན་སླར་པང་སྤོལ་ཐོབ་ཐབས་བྱ་རྒྱུ་དེའོ།

 

(2) དྲི་བ། སྤོལ་འཕེན་གཟུ་ཚད་མཐོན་པོ་ནི་ཅི་ཞིག་རེད།

ལན། དེ་ནི་རྒྱུ་རྐྱེན་གང་མང་ལ་འབྲེལ་ཞིང་། ཕར་རྒོལ་དང་འགོག་སྲུང་རུ་མིའི་འཇོན་ནུས་ལ་དམ་དུ་འབྲེལ། ཡིན་ནའང་། སྤྱིའི་ཆ་ནས་བཤད་ན། འདི་དག་གིས་སྤོལ་འཕེན་གཟུ་ཚད་མཐོན་པོ་ལ་རམ་འདེགས་བྱེད།

རྩོད་མེད་སྤོལ་འཕེན། ཁྱོད་ཀྱི་ཐག་ཉེ་རུ་འགོག་མཁན་མེད་པའི་སྤོལ་འཕེན་གསལ་བོ།

སྤོལ་སྒྲོམ་ཐག་ཉེའི་སྤོལ་འཕེན། སྤྱིར་བཏང་སྤོལ་སྒྲོམ་དང་ཇི་ལྟར་ཉེ་རུ་བཅར་ཐུབ་ན་དེ་བས་བཟང་། ༼དཔེར་ན། དྲ་འཕེན་དང་དྲག་འཛུད་སོགས་ནི་སྤོལ་འཕེན་གཟུ་ཚད་མཐོན་པོ་ཡིན།

 

(3) དྲི་བ། དེས་ན་སྐར་གསུམ་སྤོལ་འཕེན་ནི་ཅི་ཞིག་རེད། སྤོལ་སྒྲོམ་དང་བར་ཐག་རིང་བ་མ་ཡིན་ནམ།

ལན། སྤྱིར་བཏང་བཤད་ན། སྐར་གསུམ་སྤོལ་འཕེན་གྱི་གཟུ་ཚད་སྐར་གཉིས་སྤོལ་འཕེན་ལས་དམའ། ཡིན་ནའང་། དེའི་རིན་ཐང་གཞན་ལས་ཆེ་བས། གལ་སྲིད་སྐར་གསུམ་སྤོལ་འཕེན་གྱི་གཟུ་ཚད་ཚད་ཐིག་ལ་ལོངས་ན། སྐར་གསུམ་འཕངས་ན་ཁེ་ཕན་ལས་གྱོང་གུད་མེད། དཔེར་ན། 50%སྐར་གཉིས་ཀྱི་ཆ་སྙོམས་རིན་ཐང་སྐར་མ་1་ཡིན་ན། 33%སྐར་གཅིག་གི་ཆ་སྙོམས་རིན་ཐང་སྐར་མ་1་ཡིན། དེ་བས་ཁྱོད་ཀྱིས་སྦྱོང་བརྡར་མང་བོ་བྱས་ཡོད་ན། ངེས་པར་དུ་སྐར་གསུམ་འཕེན་དགོས། ༼དེར་མ་ཟད། གང་ནས་འཕངས་ན་སྤོལ་འཕེན་གཟུ་ཚད་33%ལས་བརྒལ་ཐུབ།༽

 

(4) དྲི་བ། རང་ཉིད་ཀྱིས་ཕར་རྒོལ་རེ་རེའི་སྐབས་སུ་གང་ཞིག་སེམས་ལ་དམ་པོར་འཛིན་དགོས།

ལན། ཕར་རྒོལ་རེ་རེའི་སྐབས་སུ། ཁྱོད་ཀྱིས་རང་ཉིད་ལ་འདི་ལྟར་དྲིས། (i) ངས་བསྒྲུབ་བཞིན་པ་ཡོད་ཚད་ངའི་རུ་ཁག་གི་སྤོལ་འཕེན་གཟུ་ཚད་མཐོན་པོ་ལོན་ཆེད་ཡིན་ནམ། སྤོལ་འཕེན་རྗེས་ནས། (ii) ང་རང་པང་སྤོལ་ཆེས་ཐོབ་སླ་བའི་ས་གནས་སུ་ཡོད་དམ། ༼རྗེས་ཕྱོགས་ཞིབ་ཕྲའི་སྒོ་ནས་གྲོས་སྡུར་བྱ།༽