དཀར་ཆག > 1. ངོ་སྤྲོད་མདོར་བསྡུས། > 1.1. བདག་དབང་། > 
1.1.1. འགོག་སྲུང་བདག་དབང་།
 

(1) དྲི་བ། འགོག་སྲུང་གི་གོ་སྐབས་ལས་ཇི་ལྟར་རྒྱལ་དགོས།

ལན། དེ་ལ་ཐབས་ཇུས་མང་བོ་ཞིག་ཡོད། ཡིན་ནའང་། གཞི་རྩའི་ཆ་ནས་ང་ཚོས་འགོག་སྲུང་བྱེད་པའི་དམིགས་འབེན་གཙོ་བོ། གཞན་པའི་རུ་ཁག་གི་སྤོལ་འཕེན་གཟུ་ཚད་དམའ་མོར་བཏང་ནས། དེ་ནས་པང་སྤོལ་ལེན་ཐབས་བྱ་རྒྱུ་དེ་ཡིན།

 

(2) དྲི་བ། སྤོལ་འཕེན་གཟུ་ཚད་ཀྱི་བརྒྱ་ཆ་ག་ཚོད་ཡིན།

ལན། སྤོལ་འཕེན་གཟུ་ཚད་ཀྱི་བརྒྱ་ཆ་ནི་རུ་ཁག་དང་མི་སྒེར་གྱི་སྤོལ་འཕེན་ཁ་གྲངས་དང་དེ་ལས་སྐར་མ་ཐོབ་ཐེངས་ཀྱི་སྡུར་ཚད་ཡིན། གལ་ཏེ་རུ་ཁག་ཅིག་གིས་སྤོ་ལོ་ཐེངས་10འཕངས་ཏེ། དེ་ལས་སྤོ་ལོ་ཐེངས་6དྲ་ནང་དུ་འཛུལ་ན། ཁོ་ཚོའི་སྤོལ་འཕེན་གཟུ་ཚད་ནི་60%རེད།(6/10ཡང་ན600)

 

(3) དྲི་བ། སྤྱིར་བཏང་གི་སྤོལ་འཕེན་གཟུ་ཚད་ཀྱི་བརྒྱ་ཆ་ག་ཚོད་ཡིན།

ལན། NBAནང་གི་སྐར་གསུམ་སྤོལ་འཕེན་དང་སྐར་གཉིས་སྤོལ་འཕེན་གྱི་སྤྱིའི་ཆ་སྙོམས་ཀྱི་སྤོལ་འཕེན་གཟུ་ཚད་ནི་45%རེད། ༼རྗེ་སིའི་རུ་ཁག་གི་ལུས་རྩལ་བ་Rudy Gobert སྤོལ་འཕེན་གཟུ་ཚད་ཆེས་མཐོ་ཤོས་2019ལོའི་67%རེད། རྒྱུ་མཚན་ཁོའི་སྐར་མ་ཐོབ་ཐེངས་མང་ཆེ་ཤོས་ལྕགས་དྲ་དང་བར་ཐག་ཉེ།༽སྐར་གསུམ་སྤོལ་འཕེན་གྱི་གཟུ་ཚད་ངོས་ནས་བཤད་ན། NBAཆ་སྙོམས་ཀྱི་སྤོལ་འཕེན་གཟུ་ཚད་ནི་35%རེད། (གཟེབ་དྲ་སྤོ་ལོ་རུ་ཁག་གི་ལུས་རྩལ་བ་Joe Harrisཡི་སྤོལ་འཕེན་གཟུ་ཚད་ཆེས་མཐོ་ཤོས་2019ལོའི་46%རེད། ) སྐར་གཉིས་ཁོ་ནའི་NBAཡི་ཆ་སྙོམས་ཀྱི་སྤོལ་འཕེན་གཟུ་ཚད་ནི་52%ཡས་མས་རེད། (ཝ་ཧྲན་ཏྲོན་གྱི་སྒྱུ་འཕྲུལ་རུ་ཁག་གི་Thomas Bryant སྤོལ་འཕེན་གཟུ་ཚད་ཆེས་མཐོ་ཤོས་2019ལོའི་68%རེད། ). NBA སྐར་གཅིག་གི་ཆ་སྙོམས་ཀྱི་སྤོལ་འཕེན་གཟུ་ཚད་ནི་75%ཡས་མས་རེད། (ཤ་རྒོད་རུ་ཁག་གི་Malcolm Brogdon སྤོལ་འཕེན་གཟུ་ཚད་ཆེས་མཐོ་ཤོས་2019ལོའི་93%རེད།).

 

(4) དྲི་བ། སྤོལ་འཕེན་གཟུ་ཚད་དམའ་མོ་ག་ཚོད་རེད།

ལན། འདི་ནི་རྒྱུ་རྐྱེན་མང་བོ་ལ་འབྲེལ་ཞིང་། དེ་ལས་ཕར་རྒོལ་བ་དང་འགོག་སྲུང་བའི་ནུས་རྩལ་དང་ཁྱོད་སུ་ཞིག་གིས་བཀག་ཡོད་པ་ལ་ཐུག ནམ་རྒྱུན་འདི་དག་གིས་སྤོལ་འཕེན་གཟུ་ཚད་དམའ་རུ་གཏོང་བར་ཤུགས་རྐྱེན་ཐེབས།

འགྲན་རྩོད་སྤོལ་འཕེན། འགོག་མཁན་གྱིས་ཕར་རྒོལ་རུ་མི་དང་སྤོལ་སྒྲོམ་བར་དུ་འགོག་སྲུང་ནན་མོ་བྱས་ཏེ། ལག་པས་ཕར་རྒོལ་རུ་མིའི་སྤོ་ལོ་འཕེན་ཕྱོགས་འགོག་དགོས། ༼སྒྲིག་འགལ་བྱེད་མི་ཉན། ༽

༢ སྤོལ་སྒྲོམ་དང་བར་ཐག་རིང་བའི་སྤོལ་འཕེན། འགོག་མཁན་གྱིས་ཐབས་བརྒྱ་ཇུས་སྟོང་གི་ཕར་རྒོལ་རུ་མི་སྤོལ་སྒྲོལ་དང་བར་ཐག་རིང་དུ་འདེད་དགོས།

 

(5) དྲི་བ། སྤོ་ལོ་འཕྲོག་པ་དང་ཀླད་འགེབ་གལ་མི་ཆེའམ།

ལན། གལ་ཏེ་ལེགས་འགྲུབ་བྱུང་ན་ནི་སྤོ་ལོ་འཕྲོག་པ་དང་ཀླད་འགེབས་ཤིན་ཏུ་བཟང་། རྒྱུ་མཚན་ཕར་རྒོལ་ལ་སྔོན་འགོག་བྱེད་ཐུབ། ཡིན་ནའང་། གལ་ཏེ་བརྒྱུད་རིམ་ལ་འགལ་འཛོལ་བྱུང་ཚེ་ཉེན་ཁ་དེ་བས་ཆེ་སྟེ། འདིས་ནི་གཞན་གྱི་སྤོལ་འཕེན་གཟུ་ཚད་མཐོན་པོ་དང་འགྲིག་འགལ་བྱས་ཚེ་སྐར་གཅིག་གི་གོ་སྐབས་བྱུང་བས། སྐར་མ་ཐོབ་ཚད་སྔར་ལས་བཟང་། ཕྱོགས་ཁ་ཤས་ནས་སྤོ་ལོ་འཕྲོག་པ་དང་ཀླད་འགེབས་ཀྱིས་ཕ་རོལ་བོའི་གཟུ་ཚད་ཇེ་དམའ་རུ་གཏོང་སྲིད་པས། ང་ཚོས་རྗེས་ནས་གྲོས་སྡུར་བྱ་ཆོག

 

(6) དྲི་བ། འགོག་སྲུང་བས་ཅིའི་ཕྱིར་པང་སྤོལ་ལེན་རྒྱུ་དེ་གལ་ཆེན་ཡིན།

ལན། གལ་ཏེ་ཁྱེད་ལ་ཕྱིར་སྤོ་ལོ་ཐོབ་འདོད་ན། པང་སྤོལ་ལེན་རྒྱུ་ཤིན་ཏུ་གལ་ཆེ། ཁྱེད་ཀྱིས་འབད་རྩོན་ཆེན་པོས་ཕར་རྒོལ་མཐུན་ཚོགས་ལ་ལག་འཛོལ་བྱུང་དུ་འཇུག་པར་མ་ཟད། སྤོལ་འཕེན་གཟུ་ཚད་ཇེ་དམའ་རུ་བཏང་ཐུབ། ༼འདིས་ནི་པང་སྤོལ་གོ་སྐབས་སྔར་ལས་མང་བ་མཚོན། དཔེར་ན། ཁྱོད་ཀྱི་ཨུ་ཚུགས་མཐར་སྐྱེལ་གྱིས་སྤོ་ལོ་རུ་ཁག་གི་སྤོལ་འཕེན་གཟུ་ཚད་30%བཏང་ན། སྤོལ་འཕེན་གཟུ་ཚད་70%པང་སྤོལ་ལེན་པའི་གོ་སྐབས་ཡོད་པ་མཚོན། ༽ ད་ལྟ། ང་ཚོས་པང་སྤོལ་ལེན་པ་ལ་བརྟེན་ནས་བདག་དབང་འགྲུབ་ཏུ་འཇུག་གིན་ཡོད་པ་དང་། པང་སྤོལ་ལེན་པ་དང་འབྲེལ་བའི་གནས་ཚུལ་མང་བོ་རྗེས་མར་གྲོས་སྡུར་བྱ།

 

(7) དྲི་བ། དེས་ན། འགོག་སྲུང་སྐབས་ཀྱི་སྤོ་ལོའི་བདག་དབང་རེ་རེར་ཇི་ལྟར་བསམ་བློ་གཏོང་འོས།

ལན། འགོག་སྲུང་རེ་རེའི་སྐབས་སུ། རང་ལ་འདི་ལྟར་འདྲི་འོས། (i) ངས་རང་གི་ཐབས་ཤེས་ཡོད་རྒུ་བཏོན་ནས་འགྲན་ཡའི་སྤོལ་འཕེན་གཟུ་ཚད་དམའ་མོ་རུ་གཏོང་ཡོད་དམ། (ii) སྤོ་ལོ་འཕངས་རྗེས། ང་རང་པང་སྤོལ་ཆེས་འཐོབ་སླ་བའི་ས་གནས་སུ་ཡོད་དམ།