The NBA in Tibet བོད་མཐོ་སྒང་གི་NBA
Here in Amdo basketball courts are found in every village and monastery, a game of passion and community that brings together not only Tibetans from all across the Plateau, but now players from around the world.
Norlha has hosted several international tournaments over the years, and this season was proud to host its first annual Sagadawa Invitational. Norlha invited some of the best teams in the region to compete alongside international players, including former NBA player Steve Hawes.
Tibetan teams included two all-star squads made up of the top players in Kanlho, the mighty monks of Labrang, the prefectural university team made up of Chinese students, Norlha's own team, and teams from neighboring Sichuan and Qinghai, one of who's captain is one of Tibet's most famous singers, Sherten.
Although there are no other known Tibetan women's teams in the region to play against as of yet, the Norlha women's team played a competitive game against the Norlha guards.
Teams shared meals, had Q&A's, played competitive games and contests, performed songs, and received an instructional clinic from Coach Steve, teaching what he has learned after 10 years playing in the NBA.
Norlha looks forward to its next tournament in September, coinciding with a local Laptse festival. This tournament will introduce wheelchair basketball to the region.
ཨ་མདོའི་ས་ཁུལ་གྱི་རུ་སྡེ་དང་དགོན་པ་སོགས་མང་ཆེ་བའི་ཉེ་འཁོར་ནས་སྤོ་ལོའི་ལུས་རྩལ་ར་བ་མཐོང་ཐུབ། འདི་ནི་མཛའ་བརྩེ་དང་རེ་བས་ཁེངས་པའི་ས་ཁུལ་གྱི་རོལ་རྩེད་རིགས་ཤིག་ཡིན་པར་མ་ཟད། མཐོ་སྒང་གི་ས་ཁུལ་སོ་སོ་ནས་ཡོང་བའི་བོད་པ་དང་འཛམ་གླིང་གི་ཡུལ་གྲུ་མང་བོ་ནས་ཐོན་པའི་ལུས་རྩལ་བ་ཚོའི་དགྱེས་འཛོམས་ཀྱི་གར་སྟེགས་ཤིག་ཏུ་གྱུར་ཡོད།
ལོ་ཤས་རིང་། ནོར་ལྷ་ཚང་གིས་རྒྱལ་སྤྱིའི་སྤོ་ལོ་འགྲན་ཚོགས་ཁ་ཤས་བསྡུས་ཤིང་། ད་ལོར་སྐབས་དང་བོའི་ས་ག་ཟླ་བའི་གདན་ཞུའི་སྤོ་ལོ་འགྲན་ཚོགས་རྩ་འཛུགས་བྱས། ས་གནས་ལུས་རྩལ་བ་རྩེ་གྲ་དང་རྒྱལ་སྤྱིའི་ལུས་རྩལ་བ་ཕན་ཚུན་འགྲན་སྡུར་བྱས་ཤིང་། དེའི་ཁོངས་སུ་དེང་མའི་NBAལུས་རྩལ་བ་史蒂夫·霍斯(Steve Hawes)ཡོད།
བོད་རིགས་ལུས་རྩལ་བའི་ཁོངས་སུ་ཀན་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་ལུས་རྩལ་བ་རྩེ་གྲའི་རུ་ཁག་དང་བླ་བྲང་དགོན་པའི་དགེ་འདུན་པའི་རུ་ཁག རྒྱ་རིགས་སློབ་ཆེན་སློབ་མའི་རུ་ཁག སི་ཁྲོན་དང་མཚོ་སྔོན་གྱི་རུ་ཁག ནོར་ལྷ་རུ་ཁག་བཅས་ཡོད་ལ། མཚོ་སྔོན་རུ་ཁག་གི་རུ་གཙོ་ནི་བོད་ཡུལ་ན་ཆེས་མིང་དུ་གྲགས་པའི་གཞས་པ་ཤེར་བརྟན་རེད།
མིག་སྔར། འགྲན་ཚོགས་ལ་དངོས་སུ་ཞུགས་པའི་ས་གནས་བུད་མེད་ཀྱི་རུ་ཁག་གཞན་མེད་ནའང་། ནོར་ལྷ་བུད་མེད་རུ་ཁག་གིས་སྒོ་སྲུང་རུ་ཁག་གི་རྒན་པ་ཚོ་དང་མཉམ་དུ་འགྲན་སྡུར་བྱས།
ལུས་རྩལ་བ་ཚང་མས་དྲོས་ཇ་མཉམ་འཐུང་དང་། དྲི་བ་དྲིས་ལན་གྱི་རྣམ་པས་ཕན་ཚུན་ཁ་བརྡ་དང་མཉམ་མྱོང་བརྗེ་རེས། གླུ་ལེན་གར་རྩེད་ཀྱི་འཁྲབ་སྟོན་བྱས། NBAལུས་རྩལ་བ་史蒂夫·霍斯(Steve Hawes)ཡིས་ཁོང་གི་ལོ་༡༠རིང་གི་NBAནང་གི་ལུས་རྩལ་ཤེས་བྱ་མཉམ་སྤྱོད་བྱ་ཞོར། ཚང་མར་རྩལ་ཁྲིད་དང་མཛུབ་སྟོན་བྱས།
ནོར་ལྷ་ཚང་གིས་བདུན་པའི་ནང་གི་ལབ་ཙེ་དུས་ཆེན་དང་འབྲེལ་ནས། སྤྱི་ཟླ༩བར་སྐབས་རྗེས་མའི་འགྲན་ཚོགས་རྩ་འཛུགས་དང་། འགྲན་ཚོགས་དེའི་སྐབས་སུ་ས་གནས་མང་ཚོགས་ལ་རྐུབ་སྟེགས་སྤོ་ལོའི་འགྲན་ཚོགས་ཤིག་ཀྱང་མཉམ་སྤྱོད་བྱ་འཆར་ཡོད།