Dear Basketball སྙིང་ཉེ་བའི་སྤོ་ལོ།
Dear Basketball,
སྙིང་ཉེ་བའི་སྤོ་ལོ།
From the moment
དུས་དེ་ནས་བཟུང་།
I started rolling my dad’s tube socks
ཨ་ཕའི་རྐང་འབོབ་ཡུ་རིང་འགྲིལ་འགོ་བརྩམས།
And shooting imaginary
Game-winning shots
བརྙན་མིག་ནང་གི་རྒྱལ་ཁ། རྟོག་བཏགས།
In the Great Western Forum
ནུབ་ཁུལ་གྱི་ལུས་རྩལ་ར་བ་ནས།
I knew one thing was real:
ངས་དོན་དངོས་ཤིག་གསལ་བོར་མཐོང་བྱུང་།
I fell in love with you.
ངའི་སེམས་པ་ཁྱོད་ལ་ཤོར།
A love so deep I gave you my all —
ང་ཡི་བརྩེ་བ་ཟབ་མོ།
From my mind & body
ང་ཡི་ལུས་སེམས། ང་ཡི་རྣམ་ཤེས།
To my spirit & soul.
ང་ཡི་ཡོད་ཚད་ཁྱོད་ལ་ཕུལ།
As a six-year-old boy
ལོ་དྲུག་ཅན་གྱི་བུ་ཆུང་ཞིག་ལ་མཚོན་ན།
Deeply in love with you
ཡིད་སེམས་དབང་མེད་དུ་ཁྱོད་ལ་ཤོར།
I never saw the end of the tunnel.
ངས་ལམ་གྱི་ཕ་མཐའ་མཐོང་མི་ཐུབ་ནའང་།
I only saw myself
Running out of one.
རང་ཉིད་གཅིག་པུ་ཕྱི་རོལ་དུ་རྒྱུག་བཞིན་པ་མཐོང་ཐུབ།
And so I ran.
དེ་བས། ང་མུ་མཐུད་དུ་རྒྱུག་པ་ཡིན།
I ran up and down every court
ལུས་རྩལ་ར་བ་རེ་རེ་ནས་ཕར་རྒྱུག་ཚུར་རྒྱུག་བྱས།
After every loose ball for you.
ཁྱོད་ཀྱི་ཆེད་དུ་ལྷོད་ཡང་དང་ལྡེམ་མྱུར། གྲ་སྒྲིག་གི་ངང་དུ་ཡོད།
You asked for my hustle
ཁྱོད་ལ་ང་ཡི་ལང་ཚོ་མཁོ།
I gave you my heart
ང་ཡིས་སྙིང་ཆུང་ཁྱོད་ལ་བཏེགས།
Because it came with so much more.
རྒྱུ་མཚན། ཁྱོད་ཀྱིས་ང་ལ་ཕུལ་བ་མང་།
I played through the sweat and hurt
ངས་རྔུལ་ཁྲག་དང་སེམས་སྡུག་བཏོན་ཡོད།
Not because challenge called me
དེ་ནི་འགྲན་རྩོད་ཀྱི་ཆེད་དུ་མིན།
But because YOU called me.
ཁྱོད་ཀྱིས་ང་ལ་འབོད་སྐུལ་གཏོང་བས་ཡིན།
I did everything for YOU
ཁྱོད་ཀྱི་ཆེད་དུ། ངས་ཡོད་ཚད་ཕུལ་ཟིན།
Because that’s what you do
རྒྱུ་མཚན། ང་ནི་ཁྱོད་དང་འདྲ་བར།
When someone makes you feel as
Alive as you’ve made me feel.
མི་རྣམས་ཀྱི་སྣང་ངོ་རུ་གསོན་ཤུགས་ཀྱིས་ཁེངས་ཡོད།
You gave a six-year-old boy his Laker dream
ཁྱོད་ཀྱིས་ལོ་དྲུག་ཅན་གྱི་བུ་ཆུང་ཞིག་ལ་མཚོ་མིའི་རྨི་ལམ་བསྐྲུན།
And I’ll always love you for it.
ང་རང་ཁྱོད་ལ་དགའ་ཞིང་དུང་།
But I can’t love you obsessively for much longer.
ཡིན་ནའང་། ང་རང་དུས་གཏན་དུ་ཁྱོད་ལ་འཐམས་མི་རུང་།
This season is all I have left to give.
ཆེས་མཐའ་མའི་དུས་ཚིགས་འདི། ཆེས་མཐའ་མའི་ཡོད་ཚད།
My heart can take the pounding
ང་ཡི་སེམས་ཀྱིས་མྱོང་ཐུབ།
My mind can handle the grind
ང་ཡི་དཔུང་བས་འདེགས་ཐུབ།
But my body knows it’s time to say goodbye.
ཡིན་ནའང་། ངའི་ལུས་ཕུང་གིས་ཁྱོད་ལ་བདེ་མོ་འཇོག་རན་པ་ཚོར་ཡོད།
And that’s OK.
ཅི་སྐྱོན།
I’m ready to let you go.
ངས་ཁྱོད་དང་བྲལ་བར་གྲ་སྒྲིག་བྱས་ཡོད།
I want you to know now
ང་ཚོས་མཉམ་དུ་མྱོང་བའི་སྐད་ཅིག་མ་རེ་རེ།
So we both can savor every moment we have left together.
ཁྱོད་ཀྱིས་དྲན་ནམ།
The good and the bad.
བཟང་ངན་དང་རྒྱལ་ཕམ།
We have given each other
ང་ཚོས་རང་ལ་གང་ཡོད།
All that we have.
ཕན་ཚུན་ལ་ཕུལ་ཟིན།
And we both know, no matter what I do next
ང་ཚོས་ཤེས་གསལ་ལྟར། མ་འོངས་པར་ངས་ཅི་ཞིག་ལས་ཡང་།
I’ll always be that kid
With the rolled up socks
ང་ནི་ནམ་ཡང་རྐང་འབོབ་ལྟེབ་ཆག་རྒྱག་པའི་བྱིས་པ་དེ་ཡིན།
Garbage can in the corner
སྙིགས་སྒམ་གྲུ་ཟུར་གང་རུང་ན་ཡོད།
:05 seconds on the clock
དུས་ཡུན་སྐར་ཆ་ལྔའི་ནང་དུ།
Ball in my hands.
སྤོ་ལོ་ངའི་ལག་ན་ཡོད།
5 … 4 … 3 … 2 … 1
༥ ༤ ༣ ༢ ༡
Love you always,
ནམ་ཡང་ཁྱོད་ལ་དགའ།
Kobe
ཁི་པེ།
Poem by Kobe Bryant
Translation by Jampa Dhondup
Images by Aku Dawa Gyamtso