དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.3. རྩེད་མོ་བའི་འགོག་སྲུང་ཁྲོད་ཀྱི་རོགས་རམ་འགོག་སྲུང་། >
2.1.3.5. སྤོལ་འཕེན་ཁྲོད། རོགས་རམ་འགོག་སྲུང་གི་ཕྱི་འདེད།
(1) དྲི་བ། སྤོལ་འཕེན་བྱེད་སྐབས། ང་ཚོས་ཇི་ལྟར་རོགས་རམ་འགོག་སྲུང་བྱེད།
ལན། རོམས་རམ་འགོག་སྲུང་ཁྲོད་དུ། ཁྱོད་ཀྱི་ཆེད་བསྐོས་རྩེད་མོ་བ་ཐག་རིང་དུ་ཡོད་ན་ཕྱི་འདེད་བྱ་རྒྱུ་ཤིན་ཏུ་དཀའ། སྤོལ་འཕེན་བྱས་མ་ཐག ཆེས་ལེགས་ཤོས་ནི་རང་གི་ཆེད་བསྐོས་རྩེད་མོ་བ་པང་སྤོལ་ལེན་དུ་འགྲོ་བཞིན་ཡོད་མེད་ལ་གསལ་བོར་ལྟ་དགོས།
(2) དྲི་བ། ༢ གལ་སྲིད་ངའི་ཆེད་བསྐོས་རྩེད་མོ་བ་པང་སྤོལ་ལེན་དུ་འགྲོ་བཞིན་མེད་ན་ངས་ཇི་ལྟར་བྱ།
ལན། གལ་སྲིད་ཁྱོད་ཀྱི་ཆེད་བསྐོས་རྩེད་མོ་བ་པང་སྤོལ་ལེན་དུ་འགྲོ་བཞིན་མེད་ན། ཁྱོད་ཀྱིས་སྤོ་ལོའི་འཁོར་ཕྱོགས་གཞིར་བཟུང་ནས་པང་སྤོལ་ལེན་པའི་ས་གནས་ཆེས་བཟང་ཤོས་འཛིན་པའམ། ཡང་ན་རྩེད་མོ་བ་གཞན་ཞིག་ཕྱི་འདེད་བྱེད་དགོས།
(3) དྲི་བ། ༣ གལ་སྲིད་ངའི་ཆེད་བསྐོས་རྩེད་མོ་བ་པང་སྤོལ་ལེན་དུ་འགྲོ་བཞིན་ཡོད་ན་ངས་ཇི་ལྟར་བྱ།
ལན། གལ་སྲིད་ཁྱོད་ཀྱི་ཆེད་བསྐོས་རྩེད་མོ་བ་པང་སྤོལ་ལེན་དུ་འགྲོ་བཞིན་ཡོད་ན། ཁྱོད་དེ་ཕྱོགས་སུ་རྒྱུགས་ནས་ཕྱི་འདེད་བྱས་ཏེ། ཁོ་ཚོ་སྤོལ་སྒྲོམ་རྩར་འགྲོ་རུ་མ་བཅུག་ན་བཟང་། ཁྱོད་སྤོལ་སྒྲོམ་དང་བར་ཐག་རིང་དུ་གྱེས་ནས་ཕྱི་འདེད་བྱེད་དུ་སོང་ན་དེ་འདྲའི་བདེ་མོ་ཞིག་ཏུ་མི་སྣང་ནའང་། དུས་དང་སྐབས་མང་ཆེ་བར་འདི་ནི་ཆེས་ནུས་ཡོད་ཅིག་ཡིན།
ནུས་རྩལ་སྦྱོང་བརྡར།
ནུས་རྩལ་སྦྱོང་བརྡར། ༡ རོགས་རམ་འགོག་སྲུང་གི་ཕྱི་འདེད།
རྩལ་ཁྲིད་པའམ་རྩེད་མོ་བ་གཞན་ཞིག་གིས་སྤོ་ལོ་བཟུང་ནས་ཆ་གསུམ་གནས་ཀྱི་ཟུར་གཅིག་ཏུ་ཡོད།
ཕར་རྒོལ་བ་༡་མཐའ་ཟུར་ཞིག་ཏུ་ཡོད་པ་དང་། འགོག་མཁན་༣་རོགས་རོམ་འགོག་སྲུང་གི་ས་གནས་སུ་ཡོད།
རྩལ་ཁྲིད་པས་སྤོལ་འཕེན་བྱ་དགོས། དེ་དང་བསྟུན་ནས་ཕར་རྒོལ་བ་༡་སྔར་གནས་སུ་འདུག་པའམ་ཡང་ན་པང་སྤོལ་ལེན་དུ་འགྲོ་དགོས། འགོག་མཁན་༡་ཡིས་ངེས་པར་དུ་ཕར་རྒོལ་བ་༡་ཕྱི་འདེད་བྱེད་དམ། ཡང་ན་དེ་མ་ཐག་པང་སྤོལ་ལེན་དུ་འགྲོ་བའི་ཐག་གཅོད་བྱེད་དགོས།
ནུས་རྩལ་སྦྱོང་བརྡར། ༢ རོགས་རམ། ཕྱི་འདེད་དང་སླར་ལོག
ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་སྐར་གསུམ་ཐིག་གི་མགོ་དང་། འགོག་མཁན་༡་ཡིས་སྐར་གསུམ་ཐིག་གི་ནང་རོལ་གྱི་ཁོ་ཚོ་ལས་སྤོལ་སྒྲོམ་དང་བར་ཐག་ཉེ་སར་འགོ་རྩོམ།
ཕར་རྒོལ་བ་༢་སྐར་གསུམ་ཐིག་གི་གཞོགས་གཅིག་ཏུ་ཡོད་ཅིང་འགུལ་སྐྱོད་བྱེད་མི་ཆོག འགོག་མཁན་༢་ཡིས་སྤོལ་དགག་འགོག་སྲུང་བྱེད།
ཕར་རྒོལ་བ་༣་སྣེ་ཐིག་གི་གཞོགས་གཅིག་ཏུ་ཡོད་ཅིང་འགུལ་སྐྱོད་བྱེད་མི་ཆོག་ལ། འགོག་མཁན་༣་ཡིས་རོགས་རམ་འགོག་སྲུང་བྱེད།
ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་སྤོལ་འཕེན་དང་སྤོལ་རྡེབ། ལག་བརྒྱུད་གང་རུང་བྱེད་ཆོག འགོག་མཁན་གྱིས་རོགས་རམ་དང་སླར་ལོག་ཕན་ཚུན་བར་བརྗེ་སྤོར་བྱས་ཏེ་འགོག་སྲུང་བྱེད་དགོས། གལ་སྲིད་ཕར་རྒོལ་བ་༢་དང་༣་ཡིས་ལག་བརྒྱུད་བཟུང་ཚེ། ཁོ་ཚོས་སྤོལ་འཕེན་བྱེད་དགོས།
འགོག་མཁན་གྱིས་སྤོལ་འཕེན་རེ་རེའི་སྐབས་སུ་འོས་འཚམས་ཀྱི་ཕྱི་འདེད་བྱེད་དགོས།
ཐེངས་ཁ་ཤས་ལ་སྦྱོང་བརྡར་བྱས་རྗེས། ཕར་རྒོལ་བ་༢་དང་༣་ཡིས་སྤོལ་འཕེན་དང་སྤོལ་རྡེབ་བྱ་ཆོག ༼སྤོལ་རྡེབ་ཐེངས་༣་ལས་མང་མི་རུང་།༽