དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.3. རྩེད་མོ་བའི་འགོག་སྲུང་ཁྲོད་ཀྱི་རོགས་རམ་འགོག་སྲུང་། >

2.1.3.4.  ས་གནས་མི་འདྲ་བའི་བར་བརྒལ། ༼སྤོལ་དགག་འགོག་རོགས། སྤོ་ལོ་ཡོད་མི་འགོག་རོགས།༽

 

(1) དྲི་བ། ངས་ཇི་ལྟར་སྤོ་ལོ་ཡོད་མི་ནས་རོགས་རམ་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད།

ལན། འདི་ནི་སྤོ་ལོ་ཡོད་མི་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་ཚུལ་དང་འདྲ་བར། ཁྱོད་སྤོ་ལོའི་ཕྱོགས་སུ་ལྡིང་དགོས། ཡིན་ནའང་། གནས་ཚུལ་འདི་འདྲའི་འོག ཁྱོད་སྔར་ལས་རིང་དུ་ལྡིང་དགོས། རྒྱུ་མཚན་ཁྱོད་སྤྱིར་བཏང་གི་རོམས་རམ་འགོག་སྲུང་གི་ས་གནས་སུ་འགྲོ་དགོས་པས་རེད། དོན་དངོས་ལྟར་ན། ཁྱོད་ཕལ་ཆེར་སྤྱིར་བཏང་གི་རོགས་རམ་འགོག་སྲུང་གི་ས་གནས་སུ་འཁོར་ནས་རྒྱུག་དགོས།

༼གཡོན་ཕྱོགས་ཀྱི་རྩེ་ཡི་རྩེད་མོ་བས་སྤོ་ལོ་ཡོད་མི་ནས་རོགས་རམ་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽

༼གཡོན་ཕྱོགས་ཀྱི་རྩེ་ཡི་རྩེད་མོ་བས་སྤོ་ལོ་ཡོད་མི་ནས་རོགས་རམ་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽


(2) དྲི་བ། ངས་ཇི་ལྟར་རོགས་རམ་ནས་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད།

ལན། གནས་ཚུལ་འདི་འདྲའི་འོག ཁྱོད་ངེས་པར་དུ་རང་གི་ཆེད་བསྐོས་རྩེད་མོ་བའི་གམ་དུ་རྒྱུག་དགོས་པ་དང་། དེ་ནས་༼དུས་ཡུན་རིང་བོ།༽སྤོ་ལོ་ཡོད་མི་འགོག་སྲུང་གི་ལངས་སྟངས་ཀྱིས་དུས་ཐུང་གི་སྒོ་གཏན་དགོས།

༼གཡོན་ཕྱོགས་ཀྱི་རྟིང་མའི་རྩེད་མོ་བས་རོགས་རམ་ནས་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽

༼གཡོན་ཕྱོགས་ཀྱི་རྟིང་མའི་རྩེད་མོ་བས་རོགས་རམ་ནས་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽


(3) དྲི་བ། དུས་ཐུང་གི་སྒོ་གཏན་པའི་དམིགས་ཡུལ་ཅི་ཡིན།

ལན། དུས་ཐུང་གི་སྒོ་གཏན་པའི་དམིགས་ཡུལ་ནི། ཀ ཁྱོད་ཀྱི་རྩེད་མོ་བའི་ཕྱོགས་སུ་རྒྱུགས་རྗེས་མྱུར་ཚད་དལ་མོ་བྱོས། ཁ དེ་དང་ལྷན་དུ་སྤོལ་འཕེན་ལ་བཀག་འགོག་བྱེད་ཐུབ་དགོས། ག གལ་སྲིད་དགོས་མཁོ་བྱུང་ཚེ། མགྱོགས་མྱུར་གྱིས་རྣམ་འགྱུར་བསྟན་ནས་མྱུར་རྡེབ་བྱས་ནས་འགྲོ་བ་འགོག་སྲུང་བྱེད་དགོས།


(4) དྲི་བ། ཁྱོད་ཀྱིས་ཇི་ལྟར་དུས་ཐུང་གིས་སྒོ་གཏན་པའི་དམིགས་ཡུལ་མངོན་འགྱུར་བྱེད།

ལན། 

གོམ་སྟབས། སྤོ་ལོ་སྟངས་འཛིན་པའི་ཕྱོགས་སུ་གོམ་སྟབས་ཆེན་པོས་རྒྱུགས་རྗེས། ཁྱོད་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་སོང་ན་གོམ་པ་ཆུང་ཆུང་དང་ཙག་ཙིག་སྤོ་དགོས། འདི་ལྟར་རྐང་བ་གཉིས་མགྱོགས་མྱུར་སྒོས་ས་ངོས་སུ་ཐུག་ན། དགོས་མཁོ་བྱུང་ཚེ་དེ་མ་ཐག་ཁ་ཕྱོགས་བརྗེས་ཏེ་མྱུར་རྡེབ་བྱས་ནས་འགྲོ་བ་འགོག་སྲུང་བྱེད་ཐུབ། སྤོ་ལོ་སྟངས་འཛིན་པ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེར་འགྲོ་སྐབས། ཁྱོད་ཀྱི་གོམ་སྟབས་ཇི་ལྟར་ཆེ་ན་རྐང་བ་གཉིས་ས་ངོས་སུ་ཐུག་པའི་དུས་ཚོད་དེ་ལྟར་རིང་། དེ་བས། གལ་སྲིད་ཁོ་ཚོས་མྱུར་རྡེབ་བྱས་ནས་འབྲོ་ན་ཁྱོད་ཀྱིས་མགྱོགས་མྱུར་གྱི་ཁ་ཕྱོགས་བརྗེ་དཀའ།

མགྱོགས་ཚད། མགོ་མཇུག་བར་གསུམ་དུ་རྒྱུགས་མི་དགོས། རྒྱུ་མཚན་སྤོ་ལོ་སྟངས་འཛིན་པས་ཁྱོད་ཕྱོགས་སུ་སྤོལ་རྡེབ་བྱས་ཏེ་ཁྱོད་རྒྱབ་ཏུ་བསྐྱུར་སླ། ཡིན་ཡང་། མགོ་མཇུག་བར་གསུམ་དུ་དལ་མོ་ཡང་བྱེད་མི་ཆོག གལ་སྲིད་ཁྱོད་ལ་མགྱོགས་ཚད་འདང་ངེས་མེད་ན། སྤོ་ལོ་སྟངས་འཛིན་པས་བཀག་འགོག་མེད་པའི་སྤོལ་འཕེན་བྱ་སྲིད། ཐོག་མར་རྒྱུགས་དགོས་པ་དང་། དེ་ནས་དལ་མོ་བྱས་ཏེ་དུས་ཐུང་གི་སྒོ་གཏན་དགོས།

ལག་པ། ལག་མངར། མི་ལ་ལས་ལག་པ་གཉིས་ཀས་དུས་ཐུང་གི་སྒོ་གཏན་ལ། ཡང་ལ་ལས་ལག་པ་གཅིག་གིས་དུས་ཐུང་གི་སྒོ་གཏན་ཞོར་དུ། ལག་པ་ཡ་གཅིག་གིས་ལག་བརྒྱུད་ལམ་ཐིག་འགོག


(5) དྲི་བ། ངས་ཇི་ལྟར་སྤོལ་དགག་དང་རོགས་རམ་འགོག་སྲུང་གི་ས་གནས་གཉིས་ཕན་ཚུན་བར་བརྒལ་བྱེད།

ལན། སྤོལ་དགག་དང་རོགས་རམ་འགོག་སྲུང་གི་ས་གནས་ཕན་ཚུལ་བར་བརྒལ་བྱེད་སྐབས། མུ་མཐུད་དུ་སྤོ་ལོའི་ཕྱོགས་སུ་ལྡིང་བ་དང་། ས་གནས་རེ་རེར་དགོས་མཁོ་ངེས་ཅན་ཡོད་ཚེ་རྒྱུགས་དགོས།

༼གཡས་ཕྱོགས་ཀྱི་རྩེ་ཡི་རྩེད་མོ་བས་སྤོལ་དགག་ནས་རོམས་རམ་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་པ་དང་། གཡས་ཕྱོགས་ཀྱི་རྟིང་མའི་རྩེད་མོ་བས་རོགས་རམ་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽

༼གཡས་ཕྱོགས་ཀྱི་རྩེ་ཡི་རྩེད་མོ་བས་སྤོལ་དགག་ནས་རོམས་རམ་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་པ་དང་། གཡས་ཕྱོགས་ཀྱི་རྟིང་མའི་རྩེད་མོ་བས་རོགས་རམ་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་བཞིན་ཡོད།༽


ནུས་རྩལ་སྦྱོང་བརྡར།


ནུས་རྩལ་སྦྱོང་བརྡར། ༡ དུས་ཐུང་གི་སྒོ་གཏན།

འགོག་མཁན་༡་ཡིས་ཆ་གསུམ་ཐིག་གི་ནང་ནས་སྤོ་ལོ་བཟུང་སྟེ་དལ་མོར་ཕར་རྒོལ་བ་༡་ལ་ལག་བརྒྱུད་བྱས་ཏེ་འགོ་རྩོམ། དེ་ནས་འགོག་མཁན་༡་ཡིས་ཕར་རྒོལ་བ་༡་ལ་དུས་ཐུང་གི་སྒོ་གཏན་ནས། སྐར་ཆ་གསུམ་ལ་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་དགོས། ཕར་རྒོལ་བ་༡་ཡིས་འཇིགས་སྐུལ་གསུམ་བྱས་ཏེ་སྐར་ཆ་གསུམ་གྱི་རྗེས་སུ། སྤོ་ལོ་ཆ་གསུམ་ཐིག་གི་ནང་དུ་གྲལ་སྒྲིག་པའི་མི་རྗེས་མར་ལག་བརྒྱུད་བྱེད་དགོས།

འཁོར་སྐྱོད། འགོག་མཁན་༡་ཕར་རྒོལ་བ་༡་ལ་བརྗེ་སྤོར་དང་། ཕར་རྒོལ་བ་༡་གྲལ་གྱི་རྗེས་སུ་སྒྲིག་དགོས། དེ་ནས་གལ་མགོའི་མི་རྗེས་མ་དེ་མི་འགྱངས་པར་འགོག་མཁན་༡་བྱེད་དགོས།

འདི་ལྟར་ཐེངས་ཁ་ཤས་ལ་སྦྱོང་བརྡར་བྱས་རྗེས། འགོག་མཁན་༡་ཡིས་ཕར་རྒོལ་བ་༡་ཡི་གྲལ་མགོའི་མི་རྗེས་མ་དེར་ལག་བརྒྱུད་བྱེད་པ་ལྡོག་འཁོར་གྱིས་འགོག་ཐབས་བྱེད།


ནུས་རྩལ་སྦྱོང་བརྡར། ༢ རོགས་རམ། སྤོ་ལོ་ཡོད་མི། རྩེད་ཐང་ཕར་ཁའི་ལག་བརྒྱུད།

ཕར་རྒོལ་བ་༡་དང་ཕར་རྒོལ་བ་༢་གཡས་གཡོན་གྱི་ཕྱོགས་ཁ་གཏད་དུ་ཡོད་ཅིང་། ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་འགོ་རྩོམ་པ་དང་འགོག་མཁན་༡་ཡིས་སྤོ་ལོ་ཡོད་མི་འགོག་སྲུང་དང་། འགོག་མཁན་༢་ཡིས་རོགས་རམ་འགོག་སྲུང་བྱེད། 

ཕར་རྒོལ་བ་༡་ཡིས་སྤོ་ལོ་རྩེད་ཐང་ཕར་ཁའི་ཕར་རྒོལ་བ་༢་ལ་ལག་བརྒྱུད་དང་། འགོག་མཁན་༡་ཡིས་སྤོ་ལོ་ཡོད་མི་ནས་རོགས་རམ་འགོག་སྲུང་ས་གནས་སུ་བར་བརྒལ་བྱེད་ལ། འགོག་མཁན་༢་ཡིས་སྤོལ་དགག་ནས་སྤོ་ལོ་ཡོད་མི་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད། ༼དུས་ཐུང་གི་སྒོ་གཏན།༽

ཕར་རྒོལ་བ་༢་དང་ཕར་རྒོལ་བ་༡་གཉིས་ཀས་སྐར་ཆ་འགའ་རེའི་ཁྲོད་ནས་ཕན་ཚུན་ལ་ཕར་ཚུལ་ལག་བརྒྱུད་བྱེད་དགོས།


ནུས་རྩལ་སྦྱོང་བརྡར། ༣ རོགས་རམ། སྤོལ་དགག རྩེད་ཐང་ཕར་ཁའི་ལག་བརྒྱུད།

ཕར་རྒོལ་བ་༡་དང་ཕར་རྒོལ་བ་༢་གཉིས་ཕན་ཚུན་ཕྱོགས་ཁ་གཏད་དུ་ཡོད། ཕར་རྒོལ་བ་༡་ཡིས་སྤོ་ལོ་བཟུང་ནས་འགོ་རྩོམ་ལ། ཕར་རྒོལ་བ་༣་དང་༤་གཉིས་གཤོག་པའི་གཡས་གཡོན་གང་རུང་དུ་ཡོད། ༼ངེས་པར་དུ་རྩེད་མོ་བ་ཡིན་མི་དགོས་ཤིང་། བྱ་དངོས་གང་རུང་གིས་ཐོ་བཞག་ཆོག༽ འགོག་མཁན་༣་སྤོལ་དགག་འགོག་སྲུང་དང་འགོག་མཁན་༤་རོགས་རམ་འགོག་སྲུང་གི་ས་གནས་སུ་ཡོད། 

ཕར་རྒོལ་བ་༡་ཡིས་སྤོ་ལོ་རྩེད་ཐང་ཕར་ཁའི་ཕར་རྒོལ་བ་༢་ལ་ལག་བརྒྱུད་བྱེད་སྐབས། འགོག་མཁན་༣་སྤོལ་དགག་ནས་རོགས་རམ་འགོག་སྲུང་གི་ས་གནས་དང་། འགོག་མཁན་༤་རོགས་རམ་ནས་སྤོལ་དགག་འགོག་སྲུང་གི་ས་གནས་སུ་བར་བརྒལ་བྱེད་དགོས།

ཕར་རྒོལ་བ་༢་དང་ཕར་རྒོལ་བ་༡་གཉིས་ཀས་སྐར་ཆ་འགའ་རེའི་ཁྲོད་ནས་ཕན་ཚུན་ལ་ཕར་ཚུལ་ལག་བརྒྱུད་བྱེད་དགོས།


ནུས་རྩལ་སྦྱོང་བརྡར། ༤ རྩེད་ཐང་ཕར་ཁའི་ལག་བརྒྱུད། མཉམ་འབྲེལ།

ནུས་རྩལ་སྦྱོང་བརྡར་༢་དང་༣་ལ་ཕལ་ཆེར་འདྲ། ཡིན་ནའང་། འགོག་མཁན་བཞི་བོ་རྩེད་མོ་རྩེ་བཞིན་ཡོད་ལ། ཕར་རྒོལ་བ་༡་དང་ཕར་རྒོལ་བ་༢་གཉིས་ཀས་མུ་མཐུད་དུ་ཕན་ཚུན་ལ་ཕར་ཚུར་ལག་བརྒྱུད་བྱེད་སྐབས། འགོག་མཁན་གྱིས་ས་གནས་ཕན་ཚུན་ལ་བར་བརྒལ་བྱེད་བཞིན་ཡོད།