(1) དྲི་བ། ང་ཚོ་འགོག་མཁན་གྱིས་ཕར་རྒོལ་བ་སྣེ་ཐིག་ཏུ་བཀུག་པ་ནས། སྣེ་ཐིག་ཕར་རྒོལ་ཁྲོད་རོགས་རམ་འགོག་སྲུང་ལ་ཅི་ཞིག་འབྱུང་སྲིད།

baseline help.png

ལན། སྣེ་ཐིག་ནས་སྤོལ་རྡེབ་བྱས་ཏེ་ཡོང་ན། བྱེད་ཐབས་ཆེས་ལེགས་ཤོས་སྣེ་ཐིག་རོགས་རམ་ཞིག་ཏུ་བེད་སྤྱོད་གཏོང་ན། དེ་ནི་དངོས་གནས་རོགས་རམ་བྱེད་འགོག་མཁན་ཞིག་དང་འདྲ། གནས་ཚུལ་འདི་འདྲའི་འོག འགོག་མཁན་༣ཡིས་སྤོ་ལོ་སྟངས་འཛིན་པ་༼ཕར་རྒོལ་བ་༤༽དང་དུམ་ཐུག་སྟེང་དུ་འཕྲད་ནས། ནང་ཁུལ་དུ་ཡོང་བར་མཚམས་འཇོག་བྱེད་དུ་འཇུག་དགོས། དང་མའི་སྤོ་ལོ་ཡོད་མིའི་འགོག་སྲུང་བ་༤་ཡིས་མུ་མཐུད་དུ་སྤོ་ལོ་སྟངས་འཛིན་པ་འགོག་སྲུང་བྱས་ཏེ། གཉིས་ཀས་མཉམ་འགོག་བྱེད་དགོས།


(2) དྲི་བ། གཉིས་ཀ་མཉམ་འགོག་བྱེད་མཁན་གྱིས་ཅི་ཞིག་བྱེད་འོས།

ལན། འདི་ལ་གོ་རིམ་ཁ་ཤས་ཡོད།

  • སྤོ་ལོ་སྟངས་འཛིན་པ་ཆ་གསུམ་གནས་ཀྱི་ནང་ཁུལ་དུ་ཡོང་བ་སྔོན་འགོག་བྱེད་དགོས། འདི་ནི་འགོག་མཁན་གཉིས་ཀྱི་བར་དུ་བར་སྟོང་མི་བསྐྱུར་བ་དང་། སྣེ་ཐིག་འགོག་མཁན་ཞིག་ཏུ་བེད་སྤྱད་ནས་མངོན་འགྱུར་བྱེད།

  • སྤོ་ལོ་སྟངས་འཛིན་པར་སྤོལ་རྡེབ་མཚམས་འཇོག་བྱེད་དུ་བཅུག་ནས་སྤོ་ལོ་འཛིན་དུ་འཇུག་པའམ། ལག་བརྒྱུད་བྱེད་པ་ཇེ་དཀའ་རུ་གཏོང་དགོས། འདི་ནི་ཁྱོད་ཀྱི་ལག་ཟུང་ལག་བརྒྱུད་ལམ་ཐིག་ཏུ་བཞག་ནས་མངོན་འགྱུར་བྱེད།

  • གལ་སྲིད་ཁོ་ཚོས་སྤོལ་རྡེབ་མཚམས་འཇོག་དང་སྤོ་ལོ་བཟུང་མེད་ན། སྤོ་ལོ་སྟངས་འཛིན་པ་སྤོལ་རྡེབ་བྱེད་བཞིན་ཕྱིར་སྣུར་དུ་འཇུག་དགོས། དང་མའི་སྤོ་ལོ་ཡོད་མིའི་འགོག་མཁན་གྱིས་ཁོ་ཚོ་འགོག་སྲུང་དང་། སྣེ་ཐིག་གིས་འགོག་མཁན་དང་མའི་སྤྱིར་བཏང་གི་རོགས་རམ་ས་གནས་སུ་ཕྱིར་ལོག་པར་རོགས་རམ་བྱེད། ༼གནས་ཚུལ་རེ་འགའི་ཁྲོད། སྣེ་ཐིག་གིས་འགོག་མཁན་སྤོ་ལོ་སྟངས་འཛིན་པ་དང་ལྷན་དུ་འདུག་པར་རོགས་རམ་དང་། མུ་མཐུད་དུ་གྲུ་ཟུར་ནས་གཉིས་ཀས་མཉམ་འགོག་བྱས་ཏེརྒྱ་རྙི་རུ་ཚུད་དུ་འཇུག་དགོས། འདི་ནི་ཆེས་མཐོའི་སྒྲིག་གཞི་རུ་གྲོལ་མོལ་མང་དུ་བྱེད། ༽


(3) དྲི་བ། གལ་སྲིད་སྤོ་ལོ་སྟངས་འཛིན་པས་དལ་མོ་མ་བྱས་པར་མགྱོགས་མྱུར་གྱིས་སྣེ་ཐིག་ཏུ་འགུལ་སྐྱོད་བྱས་ན་ཅི་ཞིག་བྱེད། ༼ཚོད་འཛིན་བྱེད་ཐབས་མེད་པ་འདྲ།༽

ལན། གནས་ཚུལ་འདི་འདྲའི་འོག སྣེ་ཐིག་གིས་ཡང་འགོག་མཁན་ལ་འགན་ཁུར་ལེན་རོགས་བྱེད་ཐུབ།

chargecut (2).gif

(4) དྲི་བ། སྣེ་ཐིག་རོགས་རམ་བྱེད་སྐབས། འགོག་མཁན་གཞན་པ་ཚོས་ཅི་ཞིག་བྱེད་དགོས།

ལན། ཕར་རྒོལ་བ་༡་སྤོ་ལོ་སྟངས་འཛིན་པ་༤་ལས་ལག་བརྒྱུད་བྱེད་ཐེངས་གཅིག་གི་ཕྱི་རོལ་དུ་སོང་བ་ནས། འགོག་མཁན་༡་ཡིས་སྔར་བཞིན་སྤོལ་དགག་འགོག་སྲུང་དང་། འགོག་རོགས་གཞན་པ་གཉིས་ཀྱིས་མུ་མཐུད་དུ་རོགས་རམ་འགོག་སྲུང་བྱེད་དགོས། འོན་ཀྱང་ད་ལྟ་ཁོ་ཚོར་ཕར་རྒོལ་བ་༢་དང་༣་གཉིས་ཀ་འགོག་སྲུང་བྱེད་པའི་འགན་འཁུར་ཡོད་པས། གཉིས་ཀར་རོགས་རམ་འགོག་སྲུང་བྱེད་ཐུབ་པའི་ས་གནས་སུ་སོང་ནས། ཕྱོགས་གཉིས་ཀའི་གང་ལ་ལག་བརྒྱུད་བྱེད་ན། དེ་ལ་སྤོ་ལོ་ཡོད་མིའི་འགོག་སྲུང་བྱེད་པའི་འགན་འཁུར་ཡང་ཡོད།


(5) དྲི་བ། སྣེ་ཐིག་རོགས་རམ་ཁྲོད། གལ་སྲིད་དམའ་སའི་རྩེད་མོ་བ་དང་ཕར་རྒོལ་བ་གཞན་ཞིག་སྤོལ་སྒྲོམ་དང་བར་ཐག་ཉེ་ན། ཅི་ཞིག་བྱ།

ལན། གནས་སྟངས་འདི་འདྲའི་འོག འགོག་རོགས་གཞན་པ་༢་ཡིས་ངེས་པར་དུ་འགོག་རོགས་ལ་རོགས་རམ་བྱེད་དགོས། འགོག་མཁན་༣་ཡིས་༤་ལ་རོགས་རམ་བྱས་པ་ནས། ཕར་རྒོལ་བ་༣་སྤོ་ལོ་སྟངས་འཛིན་པ་ལས་ལག་བརྒྱུད་བྱེད་ཐེངས་གཅིག་གི་སར་ཡོད་ན། འགོག་མཁན་༢་མར་ཡོང་ནས་ངེས་པར་དུ་ཕར་རྒོལ་བ་༣་ལ་སྤོལ་དགག་འགོག་སྲུང་བྱེད། ཕར་རྒོལ་བ་༢་འགོག་མཁན་སུ་ཞིག་གིས་བཀག་མེད་ན། འགོག་མཁན་༣་དང་༤་ཡིས་རང་གི་ལག་པ་ལག་བརྒྱུད་ལམ་ཐིག་ཏུ་བཞག་སྟེ། ཕར་རྒོལ་བ་༢་ལ་ལག་བརྒྱུད་བྱེད་པ་ཤིན་ཏུ་ཇེ་དཀའ་རུ་གཏོང་དགོས། 


(6) དྲི་བ། གལ་སྲིད་ཕར་རྒོལ་བ་༢་ལ་ལག་བརྒྱུད་ལེགས་འགྲུབ་བྱུང་ཚེ་ཅི་ཞིག་བྱ།

ལན། འགོག་མཁན་ཚང་མས་མི་རིང་བར་ཐད་ཀར་འབྱུང་འགྱུར་གྱི་ཕར་རྒོལ་བའི་འཇིགས་སྐུལ་གནས་ཚུལ་གཞིར་བཟུང་ནས། སྤོ་ལོ་སྟངས་འཛིན་པ་ནས་འགོ་བརྩམས་ཏེ་བརྗེ་རེས་བྱེད། འདིས་ནི་ཁྱོད་ཀྱིས་རྩེད་མོ་བ་གསར་བ་ཞིག་འདེམ་དགོས་པ་མཚོན་ཞིང་། འགོག་མཁན་ཚོས་འགོག་སྲུང་ས་གནས་གསར་བ་རེ་བར་བརྒལ་བྱེད་དགོས། ༼དཔེར་ན། སྤོ་ལོ་ཡོད་མི་ལ་རོགས་རམ།༽ འདིའི་སྐོར་ནས་རྗེས་མར་ཞིབ་ཏུ་བཤད།


ནུས་རྩལ་སྦྱོང་བརྡར།


ནུས་རྩལ་སྦྱོང་བརྡར། ༡ སྣེ་ཐིག་གི་རོགས་རམ།

ཕར་རྒོལ་བ་༤་དང་༣་ཡིས་མཐའ་གཉིས་ནས་འགོ་རྩོམ་དགོས་པ་དང་ཕར་རྒོལ་བ་༤་ཡི་ལག་ཏུ་སྤོ་ལོ་ཡོད། རྩལ་ཁྲིད་པས་ཕར་རྒོལ་བ་༤་ཡོད་ཕྱོགས་ཀྱི་གཤོག་པའི་སྣེ་རུ་འགོ་རྩོམ་ཞིང་། ཕར་རྒོལ་བ་༢་ཡིས་དེའི་ལྡོག་ཕྱོགས་ཀྱི་གཤོག་པའི་སྣེ་གཞན་དེ་རུ་འགོ་རྩོམ།

འགོག་མཁན་༤་ཡིས་སྤོ་ལོ་ཡོད་མི་འགོག་སྲུང་དང་། འགོག་མཁན་༣་དང་༢་ཡིས་རོགས་རམ་འགོག་སྲུང་ནས་འགོ་རྩོམ།

ཕར་རྒོལ་བ་༤་གདམ་གསེས་བྱེད་པའི་དབང་ཆ་ཡོད། ཀ སྤོ་ལོ་བཟུང་ནས་འདུག་གམ། ཁ རྩལ་ཁྲིད་པར་ལག་བརྒྱུད། ག ཡང་ན་སྣེ་ཐིག་ཏུ་མྱུར་རྡེབ་བྱས་ནས་འགྲོ། ཕར་རྒོལ་བ་༢་དང་༣་སྔར་གནས་སུ་འདུག་དགོས།

ཕར་རྒོལ་བ་༤་ས་གནས་མི་འདྲ་བ་ཀ་ཁ་ག་རེ་རེར་ཡོད་སྐབས། འགོག་མཁན་གྱིས་ངེས་པར་དུ་འོས་འཚམས་ཀྱི་འཁོར་སྐྱོད་བྱེད་དགོས།

ས་གནས་ཀ

ས་གནས་ཁ།

ས་གནས་ག


ནུས་རྩལ་སྦྱོང་བརྡར། ༢ འགོག་རོགས་ལ་རོགས་རམ།

ད་ལྟ་ཕར་རྒོལ་བ་༣་དམའ་སར་ཡོད་པ་མ་གཏོགས། ཕལ་ཆེར་གོང་གི་ནུས་རྩལ་སྦྱོང་བརྡར་༡་དང་འདྲ། 

ས་གནས་ཀ 

ས་གནས་ཁ།

ས་གནས་ག