(1) དྲི་བ། གལ་སྲིད་སྤོ་ལོ་སྟངས་འཛིན་པས་ངའི་སྤོ་ལོ་ཡོད་མི་འགོག་སྲུང་གི་རུ་གྲོགས་བསྐྱུར་ནས་སྐར་གཅིག་ཐིག་གི་དཀྱིལ་ལ་འགྲོ་རྩིས་བྱེད་པ་དང་། སྤོལ་དགག་འགོག་སྲུང་ཁྲོད་ཀྱི་ངའི་རུ་གྲོགས་བསྐྱུར་རྩིས་བྱ་ན་ཇི་ལྟར་བྱེད།

ལན། གནས་སྟངས་འདི་འདྲའི་འོག གལ་སྲིད་ཁྱོད་ནི་སྤོ་ལོ་སྟངས་འཛིན་པ་དང་བར་ཐག་ཆེས་ཉེ་བའི་སྤྱིར་བཏང་གི་རོགས་རམ་འགོག་སྲུང་ས་གནས་སུ་ཡོད་པའི་སྤོལ་རྩེད་པ་དེ་ཡིན་ན། ཁྱོད་ངེས་པར་དུ་ཡོང་ནས་སྤོ་ལོ་སྟངས་འཛིན་པ་འགོག་དགོས། ༼འདི་ལ་སྤོ་ལོའི་འཇིགས་སྐུལ་རོགས་རམ་ཟེར།༽


(2) དྲི་བ། ངས་ཇི་ལྟར་སྤོ་ལོའི་འཇིགས་སྐུལ་རོགས་རམ་མངོན་འགྱུར་བྱེད།

ལན། ཐབས་ཤེས་གཉིས་ནི་བརྗེ་སྤོར་རམ་ཡང་ན་འགོག་རོགས་དང་སླར་ལོག་བྱེད་དགོས།


(3) དྲི་བ། བརྗེ་སྤོར་ནི་ཅི་འདྲ་ཞིག་རེད།

ལན། བརྗེ་སྤོར་གྱི་ནང་དོན་ནི། ད་ལྟ་ཁྱོད་ཀྱིས་སྤོ་ལོ་སྟངས་འཛིན་པར་སྤོ་ལོ་ཡོད་མི་འགོག་སྲུང་དང་། ཁྱོད་ཀྱི་རུ་གྲོགས་ཀྱིས་བརྗེ་སྤོར་བྱས་ནས་ཆེད་དུ་བསྐོས་པའི་རྩེད་མོ་བ་གསར་བ་ཞིག་འགོག་དགོས། གལ་སྲིད་དང་མའི་སྤོ་ལོ་ཡོད་མིའི་འགོག་མཁན་དེ་སྤོ་ལོ་སྟངས་འཛིན་པ་དང་བར་ཐག་ཤིན་ཏུ་རིང་སྐབས། བྱེད་ཐབས་ཆེས་ལེགས་ཤོས་ནི་བརྗེ་སྤོར་བྱ་རྒྱུ་དེ་ཡིན། ཡིན་ནའང་། རེ་བ་ཡིན་ན་འདི་ལྟ་བུའི་གནས་ཚུལ་རྒྱུན་ལྡན་དུ་མི་འབྱུང་།


(4) དྲི་བ། འགོག་རོགས་དང་སླར་ལོག་ནི་ཅི་འདྲ་ཞིག་རེད། 

ལན། འགོག་རོགས་དང་སླར་ལོག་གི་ནང་དོན་ནི། དང་མའི་སྤོ་ལོ་ཡོད་མི་འགོག་མཁན་དེ་ཕྱིར་རང་གི་སྤོ་ལོ་སྟངས་འཛིན་པའི་འགོག་སྲུང་ས་གནས་སུ་ཐོན་རག་བར་དུ། ཁྱོད་ཀྱིས་དུས་ཡུན་ཐུང་ངུའི་ནང་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་དགོས། གནས་ཚུལ་འདི་ལྟར་བྱུང་རྗེས། ཁྱོད་ཕྱིར་རང་གི་ཆེད་དུ་བསྐོས་པའི་རྩེད་མོ་བའི་སར་སླར་ལོག་ནས་སྤོལ་དགག་འགོག་སྲུང་དང་། ཡང་ན་ཁྱོད་ཀྱི་ཆེད་བསྐོས་རྩེད་མོ་བས་ལག་བརྒྱུད་བཟུང་ཚེ་ཁྱོད་ཀྱིས་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་དགོས། ༼འདིའི་སྐོར་ང་ཚོས་རྗེས་ནས་མང་དུ་བཤད།༽ དང་མའི་སྤོ་ལོ་ཡོད་མིའི་འགོག་མཁན་སྤོ་ལོ་སྟངས་འཛིན་པ་དང་བར་ཐག་ཉེ་སྐབས། བྱེད་ཐབས་ཆེས་ལེགས་ཤོས་ནི་འགོག་རོགས་དང་སླར་ལོག་བྱ་རྒྱུ་དེ་ཡིན། རེ་བ་ཡིན་ན་གནས་ཚུལ་འདིའི་རིགས་བརྗེ་སྤོར་ལ་བལྟས་པས་རྒྱུན་ལྡན་ཡིན།


ནུས་རྩལ་སྦྱོང་བརྡར།


ནུས་རྩལ་སྦྱོང་བརྡར། ༡ སྤོ་ལོའི་འཇིགས་སྐུལ་རོགས་རམ། ༼སྤོ་ལོ་སྟངས་འཛིན་པའི་འགུལ་སྐྱོད།༽

འདི་ནི་ནུས་རྩལ་སྦྱོང་བརྡར་2.1.3.1གི་རིམ་པ་༡དང་ཕལ་ཆེར་འདྲ། ཁྱད་པར་ནི་སྤོ་ལོ་སྟངས་འཛིན་པ་༡་ཡིས་དུས་ངེས་མེད་དུ་སྤོལ་སྒྲོམ་ཕྱོགས་སུ་མྱུར་རྡེབ་བྱས་ནས་ཕར་རྒོལ་དང་། འགོག་མཁན་༢་ཡིས་ངེས་པར་དུ་དུས་ཡུན་ཐུང་ངུའི་ནང་ཕར་རྒོལ་བ་༡་སྤོལ་སྒྲོམ་ཐག་ཉེ་རུ་འགྲོ་བར་བཀག་འགོག་བྱེད། དེ་རྗེས་དང་མའི་རོགས་རམ་ས་གནས་སུ་སླར་ལོག་དགོས། ༼ཕར་རྒོལ་བ་༡་སྐར་གསུམ་ཐིག་གི་ཕྱི་རོལ་དུ་ཕྱིར་ཡོང་དགོས།༽


ནུས་རྩལ་སྦྱོང་བརྡར། ༢ སྤོ་ལོའི་འཇིགས་རོགས་རམ། ༼ཆེད་བསྐོས་འགོག་སྲུང་རྩེད་མོ་བའི་འགུལ་སྐྱོད།༽

ཕར་རྒོལ་བ་༡་ཡིས་སྤོལ་རྡེབ་བྱས་ནས་ཕར་རྒོལ་བྱེད་པ་མ་གཏོགས། གོང་གི་ནུས་རྩལ་སྦྱོང་བརྡར་བྱེད་སྟངས་ 2.1.3.1.དང་འདྲ།


ནུས་རྩལ་སྦྱོང་བརྡར། ༣ སྤོ་ལོའི་འཇིགས་སྐུལ་རོགས་རམ། ༼སྤོ་ལོ་སྟངས་འཛིན་པ། + ཆེད་བསྐོས་འགོག་སྲུང་རྩེད་མོ་བའི་འགུལ་སྐྱོད། ༽

ཕར་རྒོལ་བ་༡་ཡིས་སྤོལ་རྡེབ་བྱས་ནས་ཕར་རྒོལ་བྱེད་པ་མ་གཏོགས། གོང་གི་ནུས་རྩལ་སྦྱོང་བརྡར་བྱེད་སྟངས་ 2.1.3.1.དང་འདྲ།