(1) དྲི་བ། རོགས་རམ་འགོག་སྲུང་གི་སྤྱིར་བཏང་གི་ས་གནས་ནི་ཅི་ཞིག་རེད།

ལན། སྤོ་ལོ་སྟངས་འཛིན་པས་ཁྱོད་ཀྱི་རུ་གྲོགས་གང་རུང་མ་བསྐྱུར་བ་དང་། ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བས་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་མ་བྱས་པ། ཡང་ན་ཁྱོད་སྤོ་ལོ་སྟངས་འཛིན་པ་ལས་ལག་བརྒྱུད་བྱེད་ཐེངས་གཉིས་སམ་དེ་ལས་མང་བའི་སར་ཡོད་སྐབས། ཁྱོད་ནི་སྤྱིར་བཏང་གི་རོགས་རམ་ས་གནས་སུ་ཡོད།


(2) དྲི་བ། སྤྱིར་བཏང་གི་རོམས་རམ་ས་གནས་ཀྱི་དམིགས་འབེན་ནི་ཅི་ཞིག་རེད།

ལན། སྤྱིར་བཏང་གི་རོམས་རམ་ས་གནས་ཀྱི་དམིགས་འབེན་དག་ནི།

ཀ སྤོལ་རྡེབ་མྱུར་མོ་སྔོན་འགོག་བྱེད་ཆེད། སྤོ་ལོ་སྟངས་འཛིན་པར་སྤོལ་རྡེབ་མྱུར་ལམ་གསལ་བོ་མི་ཕྱེས།

ཁ གལ་སྲིད་ངེས་པར་དུ་རོགས་རམ་དགོས་ན་རོགས་བྱེད་ཆོག་མོད། འོན་ཀྱང་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་ལ་སྤོ་ལོ་ཡོད་མི་འགོག་སྲུང་བྱེད་པའི་གྲ་སྒྲིག་དགོས། ༼སླར་ལོག

ག གལ་སྲིད་ངེས་པར་དུ་མཁོ་ན་རོགས་རམ་འགོག་སྲུང་བྱ་ཆོག


(3) དྲི་བ། ང་ཚོས་ཇི་ལྟར་སྤྱིར་བཏང་གི་རོགས་རམ་ས་གནས་ཀྱི་དམིགས་འབེན་མངོན་འགྱུར་བྱེད།

ལན། ཆེས་ལེགས་ཤོས་ནི་ང་ཚོས་ལུས་པོའི་ས་གནས་དང་འདུག་སྟངས་གཉིས་ཀ་ལ་བློ་རྩེ་གཅིག་ཏུ་སྒྲིམ་དགོས། 

ཀ ལུས་པོའི་ས་གནས། 

༡ འདི་ནི་རྒྱུ་རྐྱེན་གང་མང་༼ཕར་རྒོལ་བ་དང་འགོག་མཁན་གྱི་ནུས་རྩལ་ཡང་འདུ།༽ལ་འབྲེལ་མོད། ཡིན་ནའང་། ནམ་རྒྱུན་ས་གནས་ཆེས་བཟང་ཤོས་ནི་སྤོ་ལོ་སྟངས་འཛིན་པ་དང་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བའི་བར་ཐག་གི་ཕྱེད་ཀ་ལས་ཐུང་བའི་བར་ཐག་བཟུང་ནས་འདུག་དགོས། འདི་ལྟར་བྱས་ན་སྤོ་ལོ་སྟངས་འཛིན་པས་མྱུར་རྡེབ་བྱ་ན་ཁྱོད་ཀྱིས་རོགས་རམ་བྱེད་ཐུབ་པར་མ་ཟད། གལ་སྲིད་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བས་ལག་བརྒྱུད་བཟུང་ཚེ་ཁྱོད་མྱུར་དུ་ཕྱིར་ཡོང་ནས་སྤོ་ལོ་ཡོད་མི་འགོག་སྲུང་ཡང་བྱེད་ཐུབ།

༢ ཆེས་ལེགས་ཤོས་ནི་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་དང་སྤོ་ལོ་སྟངས་འཛིན་པའི་བར་གྱི་དྲང་ཐིག་ལས་ཅུང་དམའ་སར་བསྡད་ན། ཕྱོགས་གཉིས་ཀ་མཐོང་བའི་ཁེ་ཕན་ཡོད། ༼ནམ་རྒྱུན་ཐད་ཀར་དུ་མདུན་ཕྱོགས་སུ་བལྟས་ན། མིག་ཟུང་གི་ཟུར་གཉིས་ཀས་ཕྱོགས་གཉིས་ཀ་མཐོང་ཐུབ།༽

ཁ ལུས་པོའི་འདུག་སྟངས། 

༡ ལག་ངར། ལག་པ། ཆེས་ལེགས་ཤོས་ནི་ལག་ངར་ཡ་གཅིག་སྤོ་ལོ་སྟངས་འཛིན་པའི་ཕྱོགས་སུ་བསྲིངས་པ་དང་། ལག་པ་གཞན་གཅིག་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བར་བསྲིངས། འདི་ལྟར་བྱས་ན་ཕྱོགས་གཉིས་ཀ་མིག་གིས་ཟིན་པར་མ་ཟད། ད་དུང་ལག་བརྒྱུད་ལམ་ཐིག་འགོག་ཐུབ།

༢ འགོག་སྲུང་གི་ལངས་སྟངས། ཁྱོད་རྒྱུན་ལྡན་གྱི་འགོག་སྲུང་གི་ལངས་སྟངས་བྱས་ནས་འདུག་པ་ལས། སྤོ་ལོ་ཡོད་མི་ལྟ་བུའི་ལུས་པོ་དམའ་མོར་འདུག་མི་དགོས། རྒྱུ་མཚན། ཁྱོད་ཀྱིས་ཤིན་ཏུ་མགྱོགས་མྱུར་ངང་ཁ་ཕྱོགས་བསྒྱུར་མི་དགོས།


ནུས་རྩལ་སྦྱོང་བརྡར།


ནུས་རྩལ་སྦྱོང་བརྡར། ༡ སྤྱིར་བཏང་གི་རོགས་རམ་འགོག་སྲུང་གི་འདུག་སྟངས། ༼སྤོ་ལོ་སྟངས་འཛིན་པའི་འགུལ་སྐྱོད།༽

ཐོག་མར། ཕར་རྒོལ་བ་༢་སྐར་གསུམ་ཐིག་གི་ཟུར་གཅིག་ཏུ་བསྡད་ནས། ཕར་རྒོལ་བ་༡་ཡིས་ཟུར་གཞན་པ་དང་དེའི་ལྡོག་ཕྱོགས་ཀྱི་ལྡེ་མིག་གི་རྩེ་བར་ཕར་ཚུར་སྤོལ་རྡེབ་དང་། འགོག་མཁན་༢་ཡིས་ངེས་པར་དུ་རོགས་རམ་འགོག་སྲུང་བྱེད་པར་གྲ་སྒྲིག་དགོས།


ནུས་རྩལ་སྦྱོང་བརྡར། ༢ སྤྱིར་བཏང་གི་རོགས་རམ་འགོག་སྲུང་གི་འདུག་སྟངས། ༼ཆེད་བསྐོས་རྩེད་མོ་བའི་འགུལ་སྐྱོད།༽

དེ་ནས། ཕར་རྒོལ་བ་༡་སྐར་གསུམ་ཐིག་གི་ཟུར་གཅིག་ཏུ་བསྡད་ནས། ཕར་རྒོལ་བ་༢་ཡིས་ཟུར་གཞན་པ་དེ་དང་དེའི་ལྡོག་ཕྱོགས་ཀྱི་ལྡེ་མིག་གི་རྩེ་བར་ཕར་ཚུར་སྤོལ་རྡེབ་དང་། འགོག་མཁན་༢་ཡིས་ངེས་པར་དུ་རོགས་རམ་འགོག་སྲུང་བྱེད་པར་གྲ་སྒྲིག་དགོས།


ནུས་རྩལ་སྦྱོང་བརྡར། ༣ སྤྱིར་བཏང་གི་རོགས་རམ་འགོག་སྲུང་གི་འདུག་སྟངས། ༼སྤོ་ལོ་སྟངས་འཛིན་པ་དང་ཆེད་བསྐོས་རྩེད་མོ་བའི་འགུལ་སྐྱོད།༽

མཐའ་མཇུག ཕར་རྒོལ་བ་༡དང་༢་གཉིས་ཀས་སྐར་གསུམ་ཐིག་གི་ཟུར་དང་ལྡེ་མིག་རྩེ་བར་ཕར་ཚུར་སྤོལ་རྡེབ་དང་། འགོག་མཁན་༢་ཡིས་ངེས་པར་དུ་རོགས་རམ་འགོག་སྲུང་བྱེད་དགོས།