དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། >

2.1.3. རྩེད་མོ་བའི་འགོག་སྲུང་ཁྲོད་ཀྱི་རོགས་རམ་འགོག་སྲུང་།

 

(1) དྲི་བ། རྩེད་མོ་བའི་འགོག་སྲུང་ས་གནས་ཁྲོད། རོགས་རམ་འགོག་སྲུང་ནི་ཅི་ཞིག་རེད།

ལན། གལ་སྲིད་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་སྤོ་ལོ་སྟངས་འཛིན་པ་ལས་ལག་བརྒྱུད་བྱེད་ཐེངས་གཉིས་སམ་དེ་ལས་མང་བའི་སར་ཡོད་ན། ཁྱོད་ཀྱིས་རོགས་རམ་འགོག་སྲུང་བྱེད་དགོས།


(2) དྲི་བ། རོགས་རམ་འགོག་སྲུང་ཁྲོད། ང་ཚོས་ཇི་ལྟར་སྤོལ་འཕེན་གཟུ་ཚད་དམའ་མོའི་དམིགས་འབེན་མངོན་འགྱུར་བྱེད།

ལན། ཐག་རིང་གི་འགྲན་རྩོད་སྤོལ་འཕེན་བྱེད་དུ་འཇུག་ཆེད། ང་ཚོས་ངེས་པར་དུ་འདི་ལྟར་བྱེད་འོས།

ཀ སྤོལ་རྡེབ་མྱུར་མོ་སྔོན་འགོག་བྱེད་ཆེད། སྤོལ་སྒྲོམ་ཕྱོགས་ཀྱི་སྤོལ་རྡེབ་མྱུར་ལམགསལ་བོ་མི་ཕྱེས། ༼སྤྱིར་བཏང་གི་ས་གནས།༽


ཁ ཁྱོད་ཀྱི་འགོག་སྲུང་རུ་གྲོགས་རྒྱབ་ཏུ་བསྐྱུར་བའི་སྤོ་ལོ་སྟངས་འཛིན་པ་བཀག་འགོག་བྱས་ཏེ། ཕྱི་ལོགས་སུ་ལག་བརྒྱུད་བྱེད་དུ་འཇུག་དགོས། ༼སྤོ་ལོའི་འཇིགས་སྐུལ་འགོག་རོགས།༽

ག གལ་སྲིད་འགོག་མཁན་གཞན་པ་ཞིག་གིས་ཕམ་ཉེས་སོང་བའི་རུ་གྲོགས་ལ་འགོག་རོགས་བྱེད་བཞིན་ཡོད་ན། ཁྱོད་ཀྱིས་འགོག་རོགས་བྱེད་མཁན་དེར་ཆེད་དུ་བསྐོས་པའི་རྩེད་མོ་བ་སྤོལ་སྒྲོམ་དང་ཆེས་བར་ཐག་ཉེ་བ་དེ་འགོག་རོགས་བྱེད་དགོས། ༼རོགས་པ་ལ་འགོག་རོགས།

ང སྤོ་ལོ་ཕྱི་ཕྱོགས་སུ་ལག་བརྒྱུད་བྱེད་དུ་བཅུག་རྗེས། ཆེས་མགྱོགས་མྱུར་དང་ནུས་ཅན་སྒོས་ཕར་རྒོལ་བ་ཚང་མ་བརྗེ་རེས་ཀྱིས་འགོག་དགོས། ༼བརྗེ་རེས།

ང་ཚོས་དོན་ཚན་རྗེས་མར་རེ་རེ་ནས་ཞིབ་ཏུ་བཤད་འོང་།