དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.2. སྤོལ་དགག་འགོག་སྲུང་། >

2.1.2.6. སྤོལ་འཕེན་ཁྲོད་ཀྱི་སྤོལ་དགག་འགོག་སྲུང་གི་ཕྱི་འདེད།

 

(1) དྲི་བ། གལ་སྲིད་སྤོ་ལོ་སྟངས་འཛིན་པས་སྤོལ་འཕེན་བྱ་ན། སྤོལ་དགག་འགོག་སྲུང་སྐབས་ངས་ཇི་ལྟར་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་ཕྱི་འདེད་བྱེད།

ལན། སྤོལ་དགག་འགོག་སྲུང་ཁྲོད། ཕྱི་འདེད་ནི་སྤོ་ལོ་ཡོད་མི་འགོག་སྲུང་སྐབས་ཀྱི་ནུས་རྩལ་དང་ཕལ་ཆེར་གཅིག་མཚུངས་ཡིན། ཡིན་ནའང་། ཐོག་མར་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་དང་བར་ཐག་ཅུང་རིང་དུ་བཞག ༼ལྷག་ཏུ་སྤར་འདྲེད་དང་མཚམས་འཇོག་བྱེད་སྐབས།༽ ཡང་ན་ཁོ་ཚོ་དང་ལྷན་དུ་འགུལ་སྐྱོད་དང་འདུར་རྒྱུག་བྱོས།


ནུས་རྩལ་བསྐྱར་སྦྱོང་།


སྤོལ་དགག་འགོག་སྲུང་གི་ཕྱི་འདེད།

འདིའི་སྦྱོང་བརྡར་བྱེད་སྟངས་ནི་གོང་གི་ལེ་ཚན་ 2.1.2.2.ནུས་རྩལ་སྦྱོང་སྟངས་དང་ཕལ་ཆེར་འདྲ་ཞིང་། འདི་ནས་ཕར་རྒོལ་བ་༡་ཡིས་ཕར་རྒོལ་བ་༢་ལ་ལག་བརྒྱུད་༼འགོག་སྲུང་བ་༢་ཡིས་ངེས་པར་དུ་སྤོ་ལོ་ལ་རེག་ཐབས།༽བྱེད་པའམ་ཡང་ན་སྤོལ་འཕེན་༼འགོག་སྲུང་བ་༢་ཡིས་ངེས་པར་དུ་ཕར་རྒོལ་བ་༢་སྐར་ཆ་གསུམ་གྱི་ཡུན་ལ་ཕྱི་འདེད་བྱོས།༽བྱེད་པའི་གདམ་གསེས་ཡོད།


ནུས་རྩལ་སྦྱོང་བརྡར། 2v2 འགྲན་སྡུར་དག་བཅོས་མ།

ཕར་རྒོལ་བ་༡་དང་༢་ཡིས་འགོག་སྲུང་བ་༡་དང་༢་ལ་ཕན་ཚུན་འགྲན་རྩོད་བྱེད། ཕར་རྒོལ་བས་དམའ་ས་རུ་གྲ་སྒྲིག་དང་སྤོལ་རྡེབ་བྱས་ནས་འགྲོ་བ། ནང་འཛུལ་སོགས་བྱེད་ཆོག་མོད། རམ་འདེགས་དང་སྤོ་ལོ་ལེན་མི་ཆོག

འགོག་མཁན་གྱིས་ངེས་པར་དུ་སྐར་ཆ་གསུམ་གྱི་ཡུན་ལ་ཕྱི་འདེད་ལ་གྲ་སྒྲིག་དགོས། ༼ད་དུང་པང་སྤོལ་ལེན་མི་ཆོག༽

ས་རྟགས་རྒྱག་བྱེད་དེ་པར་རིས་ནང་ལྟར་བཞག་ནས་རྩེད་ཐང་གི་གཞི་རྒྱ་ཆུང་དུ་གཏོང་དགོས། ༼རྩེད་ཐང་ཆུང་དུ་བཏང་ན་སྤོ་ལོ་ཡོད་མི་དང་སྤོལ་དགག་འགོག་སྲུང་ལ་བློ་རྩེ་གཅིག་སྒྲིག་བྱེད་སླ། འགོག་རོགས་ད་དུང་མེད།༽

གལ་སྲིད་འགོག་མཁན་གྱིས་ཕར་རྒོལ་བར་མཚམས་འཇོག་བྱེད་དུ་བཅུག་ཚེ་སྐར་མ་གཅིག་ཐོབ་ཅིང་། མུ་མཐུད་དུ་འགོག་སྲུང་དང་ཕར་རྒོལ་བ་བརྗེ་རེས་བྱེད་དགོས། གལ་སྲིད་ཕར་རྒོལ་བར་སྐར་མ་ཐོབ་ཚེ། ཕར་རྒོལ་བ་འགོག་མཁན་ལ་བརྗེ་བ་དང་། འགོག་མཁན་དེ་མཐའ་ཐིག་ཏུ་སོང་ནས་སྒུག་དགོས།