(1) དྲི་བ། ང་ཚོས་ཇི་ལྟར་དམའ་སའི་སྤོལ་དགག་འགོག་སྲུང་མངོན་འགྱུར་བྱེད།

ལན། དམའ་སའི་སྤོལ་དགག་འགོག་སྲུང་ལ་བྱེད་ཐབས་ཁ་ཤས་ཡོད་མོད། ཐོག་མར། ང་ཚོས་དམའ་སའི་¾་མདུན་ངོས་འགོག་སྲུང་ལ་འབད་བརྩོན་བྱེད།


(2) དྲི་བ། དམའ་སའི་¾མདུན་ངོས་འགོག་སྲུང་ནི་ཅི་འདྲ་ཞིག་རེད།

ལན། དམའ་སའི་¾མདུན་ངོས་འགོག་སྲུང་ནི། འགོག་མཁན་གྱིས་དམའ་སའི་རྩེད་མོ་བའི་ལུས་པོའི་མདུན་ངོས་ཀྱི་¾ ༼དམའ་སའི་རྩེད་མོ་བ་དང་སྤོ་ལོའི་བར།༽དང་། རྒྱབ་ཕྱོགས་ཀྱི་¼༼སྤོལ་སྒྲོམ་ཕྱོགས༽འགོག་སྲུང་བྱེད་པ་ལ་གོ། འདིས་ནི་གཅིག་ནས་དམའ་སའི་ནང་ཁུལ་ལག་བརྒྱུད་སྔོན་འགོག་དང་། གཉིས་ནས་དམའ་སའི་རྩེད་མོ་བས་སྤོ་ལོ་བཟུང་ཚེ། འགོག་མཁན་མགྱོགས་མྱུར་གྱིས་དམའ་སའི་རྩེད་མོ་བའི་100%རྒྱབ་ཕྱོགས་སུ་འགྲོ་སླ། ༼འགོག་མཁན་གྱིས་དམའ་སའི་རྩེད་མོ་བའི་སྤོ་ལོ་ཡོད་མི་འགོག་སྲུང་བྱེད།༽

དམའ་སའི་སྤོལ་དགག་འགོག་སྲུང་གི་རིགས་མི་འདྲ་བ།

དམའ་སའི་སྤོལ་དགག་འགོག་སྲུང་གི་རིགས་མི་འདྲ་བ།

100%མདུན་ངོས་འགོག་སྲུང་།

100%མདུན་ངོས་འགོག་སྲུང་།

0% མདུན་ངོས་ (ཡང་ན་100%ལྟག་རྒྱབ་) འགོག་སྲུང་།

0% མདུན་ངོས་ (ཡང་ན་100%ལྟག་རྒྱབ་) འགོག་སྲུང་།

¾ མདུན་ངོས་75%འགོག་སྲུང་།

¾ མདུན་ངོས་75%འགོག་སྲུང་།


ནུས་རྩལ་བསྐྱར་སྦྱོང་།


ནུས་རྩལ་སྦྱོང་བརྡར། དམའ་སའི་3/4མདུན་ངོས་འགོག་སྲུང་། 

རྩལ་ཁྲིད་པ་དང་རྩེད་མོ་བ་གཞན་ཞིག་གིས་སྤོ་ལོ་བཟུང་ནས་གཤོག་པ་གཡས་གཡོན་གང་རུང་དུ་ཡོད། ཕར་རྒོལ་བ་༡་ཡིས་སྤོལ་སྒྲོམ་ཆེས་ཐག་ཉེའི་གཡས་གཡོན་གང་རུང་དུ་དམའ་སའི་རྩེད་མོ་བ་བྱེད། འགོག་མཁན་༡་ཡིས་ཕར་རྒོལ་བ་༡་ཡི་མདུན་ངོས་ཀྱི་¾འགོག་སྲུང་བྱེད། སྤོ་ལོ་བཟུང་བའི་མི་དེས་ཕར་རྒོལ་བ་༡་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༡་ཡིས་ངེས་པར་དུ་ལག་བརྒྱུད་ལ་བར་ཆད་བཟོ། གལ་སྲིད་ཕར་རྒོལ་བ་༡་ཡིས་ལག་བརྒྱུད་ཟིན་ཚེ། འགོག་མཁན་༡་ཡིས་སྤོ་ལོ་ཡོད་མི་འགོག་སྲུང་བྱོས།

དགོས་མཁོ་ལྟར་བརྗེ་སྤོར་བྱོས།