དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.2. སྤོལ་དགག་འགོག་སྲུང་། >

2.1.2.3. སྤོལ་དགག་འགོག་སྲུང་གི་སྤོ་ལོའི་འཇིགས་སྐུལ། མཚམས་འཇོག སྤར་འདྲེད།

 

(1) དྲི་བ། སྤོ་ལོ་སྟངས་འཛིན་པས་ཁྱོད་ཀྱི་ཕྱོགས་སུ་འཇིགས་སྐུལ་བྱས་ནས་སྐར་མ་ཐོབ་ཐབས་བྱེད་སྐབས། ང་ཚོས་ཇི་ལྟར་འོས་འཚམས་ཀྱི་སྤོལ་དགག་འགོག་སྲུང་བྱེད།

ལན། འདི་ནི་ཐོག་མར་སྐར་མ་ཐོབ་ཐབས་བྱེད་མཁན་གྱི་ཕྱི་སྲུང་བ་དང་གདོང་ལེན་པ་སུ་ཞིག་ཡིན་མིན་ལ་འབྲེལ་བ་ཡོད། གལ་སྲིད་ཕྱི་སྲུང་བ་ཞིག་ཡིན་ན། ཁྱོད་ཀྱིས་མཚམས་འཇོག་བྱེད་དུ་འཇུག་པ་དང་དེ་ནས་སླར་ལོག་དགོས། གལ་སྲིད་གདོང་ལེན་པ་ཞིག་ཡིན་ན། ཁྱོད་ཀྱིས་སྤོ་ལོ་སྤར་འདྲེད་བྱེད་དགོས།


(2) དྲི་བ། ང་ཚོས་ཇི་ལྟར་མཚམས་འཇོག་དང་སླར་ལོག་བྱེད།

ལན། སྤོ་ལོ་སྟངས་འཛིན་པས་ཁྱོད་ཀྱི་ཕྱོགས་སུ་སྤོལ་རྡེབ་བྱས་ནས་ཡོང་སྐབས། ཁྱོད་དེ་མ་ཐག་ཁོ་ཚོའི་ལམ་དུ་སོང་ནས་སྤོལ་རྡེབ་བྱེད་པ་མཚམས་འཇོག་ཏུ་འཇུག་པ་དང་། དེ་ནས། མྱུར་དུ་ཕྱིར་རང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བའི་སྤོལ་དགག་འགོག་སྲུང་གི་ས་གནས་སུ་ཡོང་ནས་འགོག་དགོས།


(3) དྲི་བ། ང་ཚོས་ཇི་ལྟར་གདོང་ལེན་པའི་སྤོ་ལོ་ལ་སྤར་འདྲེད་བྱེད་འོས།

ལན། གལ་སྲིད་ཕར་རྒོལ་ཁྲོད་ཕྱི་སྲུང་སྤོལ་རྩེད་པས་ཁྱོད་ཀྱི་ས་ཁོངས་སུ་སྤོ་ལོ་བཟུང་ནས་ཡོད་སྐབས། ཤིན་ཏུ་མྱུར་མོས་སྤོ་ལོ་མར་འཇོག་པ་དང་ཡར་སྤར་འདྲེད་བྱེད་དགོས། གལ་སྲིད་ཁོ་ཚོས་ད་དུང་སྤོལ་རྡེབ་བྱས་མེད་ན། ངེས་པར་དུ་ལག་བརྒྱུད་བྱེད་དུ་འཇུག་པ་དང་། སྤོལ་རྡེབ་བྱེད་ཀྱིན་ཡོད་ན། སྤོལ་རྡེབ་མཚམས་འཇོག་བྱེད་དུ་འཇུག་དགོས།


(4) དྲི་བ། མཚམས་འཇོག་དང་སྤར་འདྲེད་བྱས་རྗེས། ང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བར་སྤོ་ལོ་ལག་བརྒྱུད་བྱས་ན་ཇི་ལྟར་བྱ།

ལན། ཁྱོད་ཀྱིས་༼སྤོ་ལོ་ཡོད་མི་༽འགོག་སྲུང་བྱེད་དགོས། ང་ཚོས་རྗེས་ཕྱོགས་སྤོལ་དགག་འགོག་སྲུང་དང་སྤོ་ལོ་ཡོད་མི་འགོག་སྲུང་གཉིས་ཀའི་ཕན་ཚུན་བར་བརྒལ་བྱེད་སྟངས་མང་དུ་བཤད། 


(5) དྲི་བ། གལ་སྲིད་ང་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་ནི་འཕེན་མཁན་རྩེ་གྲ་ཞིག་ཡིན་ན། ངས་ཇི་ལྟར་ཉེན་ཁ་གདོང་ལེན་བྱེད།

ལན། གལ་སྲིད་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བ་ནི་འཕེན་མཁན་ཞིག་མིན་ན། ཁྱོད་ཀྱིས་མཚམས་འཇོག་དང་སྤོ་ལོ་སྤར་འདྲེད་མང་དུ་བྱ་ཆོག་ལ། གལ་སྲིད་འཕེན་མཁན་རྩེ་གྲ་ཞིག་ཡིན་ན། ཁྱོད་ཀྱིས་མཚམས་འཇོག་དང་སྤོ་ལོ་སྤར་འདྲེད་བྱེད་པ་ཉུང་ངུར་བཏང་ནས། ངེས་པར་དུ་སྤོལ་འཕེན་ལ་འགྲན་རྩོད་བྱེད་དགོས།


Skills Drills


ནུས་རྩལ་སྦྱོང་བརྡར། ༡ མཚམས་འཇོག་གི་ས་གནས་གཏན་འཁེལ།༼གཏན་འཇགས།༽

ཆ་གསུམ་གནས་ཀྱི་མགོ་རུ་ཕར་རྒོལ་བ་༡ལག་ན་སྤོ་ལོ་ཡོད།

འགོག་སྲུང་བ་༡་ཡིས་ལྷོད་ཡང་གི་འགོག་སྲུང་བྱེད་དགོས།

ཕར་རྒོལ་བ་༢གཤོག་པ་གཡས་པར་བརྟན་བརླིང་གིས་འདུག་དགོས།

འགོག་སྲུང་བ་༢སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་གི་ས་གནས་སུ་ཡོད།

ཕར་རྒོལ་བ་༡་ཡིས་སྤོལ་རྡེབ་མྱུར་མོ་བྱས་ནས་ཕར་རྒོལ་བ་༢དང་འགོག་སྲུང་བ་༢ཉེ་འཁོར་ནས་སྤོལ་སྒྲོམ་ཕྱོགས་སུ་འགྲོ་ན། འགོག་སྲུང་བ་༢་ཡིས་ངེས་པར་དུ་ཕར་རྒོལ་བ་༡ལ་སྤོལ་རྡེབ་མཚམས་འཇོག་དང་སྤོ་ལོ་ཕྱིར་འཛིན་དུ་འཇུག་པ་དང་། དེ་ནས་སྤྱིར་བཏང་གི་སྤོལ་དགག་ས་གནས་སུ་སླར་ལོག་དགོས།

འདི་ལྟར་མགྱོགས་ཚད་མི་འདྲ་བ་གསུམ་གྱི་སྒོ་ནས་སྦྱོང་བརྡར་བྱོས། དལ་མོ། བར་མ། མགྱོགས་པ།


རྩེད་མོ་ཚང་མར་བརྗེ་སྤོར་བྱས་ནས་ཚར་རྗེས། གཤོག་པ་གཡོན་པར་གོང་གསལ་ལྟར་བསྐྱར་སྦྱོང་བྱོས།


ནུས་རྩལ་བསྐྱར་སྦྱོང་། ༢ སྤར་འདྲེད་ས་གནས་གཏན་འཁེལ།

གདོང་ལེན་པའི་ས་གནས་སུ་ཕར་རྒོལ་བ༥ལག་ཏུ་སྤོ་ལོ་ཡོད།

འགོག་སྲུང་བ་༥་ཡིས་སྤོ་ལོ་ཡོད་པའི་གདོང་ལེན་པ་ལྷོད་ཡང་གིས་འགོག་སྲུང་བྱོས།

ཕར་རྒོལ་བ༢གཤོག་པ་གཡས་པར་བརྟན་བརླིང་གིས་འདུག་དགོས།

འགོག་སྲུང་བ་༢སྤྱིར་བཏང་གི་སྤོལ་དགག་ས་གནས་སུ་འདུག་དགོས།

ཕར་རྒོལ་བ་༥་ཡིས་སྤོ་ལོ་སྐར་ཆ་གཅིག་ལ་བཟུང་རྗེས། དེ་ནས་སྤོལ་རྡེབ་འགོ་རྩོམ།

འགོག་སྲུང་བ་༢་ཡིས་ངེས་པར་དུ་སྤོ་ལོ་སྤར་འདྲེད་བྱས་ནས་ཕར་རྒོལ་བ་༥སྤོལ་རྡེབ་མཚམས་འཇོག་བྱེད་དུ་འཇུག་པ་དང་། དེ་ནས་སྤྱིར་བཏང་གི་སྤོལ་དགག་ས་གནས་སུ་སླར་ལོག་དགོས།

འདི་ལྟར་མགྱོགས་ཚད་མི་འདྲ་བ་གསུམ་གྱི་སྒོ་ནས་སྦྱོང་བརྡར་བྱོས། དལ་མོ། བར་མ། མགྱོགས་པ།

རྩེད་མོ་བ་ཚང་མར་བརྗེ་སྤོར་བྱས་ནས་ཚར་རྗེས། གཤོག་པ་གཡོན་པར་གོང་གསལ་ལྟར་བསྐྱར་སྦྱོང་བྱོས།