དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.2. སྤོལ་དགག་འགོག་སྲུང་། >
2.1.2.2. ཕར་རྒོལ་རྩེད་མོ་བའི་ནང་འཛུལ་སྤོལ་དགག
(1) དྲི་བ། སྤོལ་དགག་འགོག་སྲུང་ཁྲོད་ཕར་རྒོལ་བའི་ནང་འཛུལ་ནི་ཅི་ཞིག་རེད།
ལན། སྤོལ་དགག་འགོག་སྲུང་སྐབས། ཁྱོད་ལ་ཆེད་དུ་བསྐོས་པའི་ཕར་རྒོལ་བས་ཕྱོགས་ཁ་ཤས་ལ་ནང་འཛུལ་བྱ་ཆོག་ལ། ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་ནས་རིམ་པ་ལྟར་སྒྲིག་ན།
1:ཁྱོད་ཀྱི་མདུན་ནས་སྤོལ་སྒྲོམ་ལ་ཕྱོགས་པ།
2: ཁྱོད་ཀྱི་རྒྱབ་ནས་སྤོལ་སྒྲོམ་ལ་ཕྱོགས་པ།
3: སྤོ་ལོ་ལ་ཕྱོགས་པ།
4: སྤོ་ལོ་ལས་རིང་དུ་འགྲོ་བ།
5: སྤོལ་སྒྲོམ་ལས་རིང་དུ་འགྲོ་བ།
(2) དྲི་བ། ང་ཚོས་ཇི་ལྟར་ཆེས་ཉེན་ཁ་ཆེ་བའི་ནང་འཛུལ་སྟེ། ང་ཚོའི་མདུན་ནས་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་བྱེད་པ་འགོག ༼སྤོལ་འགྲམ་ནང་འཛུལ་ཟེར།༽
ལན། གོ་སླ་མོས་བཤད་ན། སྤོལ་དགག་འགོག་སྲུང་སྐབས་སུ། ཕར་རྒོལ་རྩེད་མོ་བ་ཁྱོད་དང་སྤོ་ལོ། སྤོལ་སྒྲོམ་བཅས་ཀྱི་བར་དུ་གཏན་ནས་ཡོང་དུ་མ་འཇུག
(3) དྲི་བ། ང་ཚོས་ཇི་ལྟར་དེའི་འཕྲོ་མའི་ཆེས་ཉེན་ཁ་ཆེ་བའི་ནང་འཛུལ་སྟེ། ང་ཚོའི་རྒྱབ་ནས་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་བྱེད་པ་འགོག ༼#2ལ་ལྟག་སྒོའི་ནང་འཛུལ་ཟེར།༽
ལན། དེ་ལ་བྱེད་ཐབས་ཁ་ཤས་ཡོད། གལ་སྲིད་ཁྱོད་ཀྱི་ཕར་རྒོལ་རྩེད་མོ་བ་ལྟག་སྒོ་རུ་འགྲོ་ན། ཆེས་བྱེད་ཐབས་ལེགས་ཤོས་ནི་ང་ཚོ་སྔར་གནས་སུ་འདུག་དགོས། ༼སྤྱིར་བཏང་གི་སྤོལ་དགག་ས་གནས༽ ཡིན་ནའང་། ཕྱི་ལོགས་སུ་བསྣུར་ཏེ། ལུས་པོ་སྤོ་ལོ་དང་རང་གི་རྩེད་མོ་བ། སྤོལ་སྒྲོམ་བཅས་ཀྱི་བར་དུ་སྔར་བཞིན་ལངས་དགོས།
(4) དྲི་བ། ལྟག་སྒོའི་ནང་འཛུལ་སྐབས་སུ། གལ་སྲིད་ཕར་རྒོལ་རྩེད་མོ་བས་ཁྱོད་བསྐྱུར་རྩིས་བྱ་ན་ཇི་ལྟར་བྱེད།
ལན། གལ་སྲིད་ཕར་རྒོལ་རྩེད་མོ་བས་ཁྱོད་བསྐྱུར་འགོ་རྩོམ་ན། ཁྱོད་ཀྱིས་ངེས་པར་དུ་རྩེད་མོ་བར་ཁ་ངོ་གཏད་ནས། ལག་པ་དང་མགོ་བོ། རྐང་བ་བཅས་བརྗེས་ནས་ལྡོག་ཕྱོགས་སུ་འགྲོ་དགོས།
(5) དྲི་བ། ང་ཚོས་སྤོ་ལོའི་ཕྱོགས་སུ་ནང་འཛུལ་བྱེད་པ་ཇི་ལྟར་འགོག ༼རིམ་པ༣༽
ལན། གལ་སྲིད་ཕར་རྒོལ་བ་སྤོ་ལོའི་ཕྱོགས་སུ་འགུལ་སྐྱོད་བྱ་ན། ཁྱོད་ཀྱིས་འགོག་སྲུང་གི་སྣུར་སྟངས་བཀོལ་ནས་ཁོ་ཚོ་དང་ལྷན་དུ་སྣུར། ཁྱོད་སྔར་བཞིན་རང་གི་རྩེད་མོ་བ་དང་སྤོ་ལོ། སྤོལ་སྒྲོམ་བཅས་ཀྱི་བར་དུ་འདུག་དགོས།
(6) དྲི་བ། ང་ཚོས་ཕར་རྒོལ་བ་སྤོ་ལོ་ལས་རིང་དུ་འགྲོ་སྐབས་ཇི་ལྟར་འགོག ༼རིམ་པ༤༽
ལན། འདིའི་ཐད་ནས། ཕར་རྒོལ་རྩེད་མོ་བ་སྤོ་ལོ་སྟངས་འཛིན་པ་ལས་ལག་བརྒྱུད་གཅིག་གི་ཕ་རོལ་དུ་སོང་བ་ནས། ཁྱོད་ཀྱིས་འགོག་སྲུང་གི་ས་གནས་བརྗེ་ཆོག ༼འགོག་སྲུང་རོགས་རམ་ཟེར།༽ ང་ཚོས་རྗེས་མར་གྲོས་སྡུར་བྱ།
(7) དྲི་བ། ང་ཚོས་ཕར་རྒོལ་བ་སྤོལ་སྒྲོམ་གྱི་ཐག་རིང་སྟེ། སྐར་གསུམ་ཐིག་གི་ཕྱི་རོལ་དུ་འགྲོ་ན་ཇི་ལྟར་འགོག (#5)
ལན། ཕར་རྒོལ་རྩེད་མོ་བ་སྐར་གསུམ་ཐིག་གི་ཕྱི་རོལ་གྱི་གོམ་པ་གཅིག་གི་སར་སོང་བ་ནས། ཁྱོད་ཀྱིས་སྤོལ་དགག་འགོག་སྲུང་ཁོ་ན་བྱེད་དགོས། ཁོ་ཚོ་སྐར་གསུམ་ཐིག་གི་ཕྱི་རོལ་དུ་ཡོད་པས། འཇིགས་སྐུལ་བྱེད་དཀའ། དེ་བས། ཁྱོད་ཀྱིས་དེ་རུ་ཁོ་ཚོ་འགོག་དགོས་དོན་མེད་ལ། འདི་ནས་ཡང་ཁྱོད་ཀྱིས་འགོག་སྲུང་རོགས་རམ་བྱེད་འོས།
ནུས་རྩལ་བསྐྱར་སྦྱོང་།
ནུས་རྩལ་སྦྱོང་བརྡར། #1 ཕར་རྒོལ་རྩེད་མོ་བའི་སྤོལ་ཕྱོགས་ནང་འཛུལ།
ཕར་རྒོལ་བ་༡་ལ་སྤོ་ལོ་ཡོད། ཆ་གསུམ་གནས་ཀྱི་རྩེ་ནས་འགོ་རྩོམ།
ཕར་རྒོལ་བ་༢་ཡིས་སྐར་གསུམ་ཐིག་གི་གཤོག་པ་གཡས་གཡོན་གང་རུང་ནས་འགོ་རྩོམ།
འགོག་མཁན་༢ནི་ཕར་རྒོལ་བ་༢པའི་སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་བ་ཡིན།
ཕར་རྒོལ་བ་༢་རང་གནས་སུ་བརྟན་པོར་མ་བསྡད་པར། ཕར་རྒོལ་བ་༡་ཐག་ཉེའི་རྨིད་1.5སླེབས་རེག་བར། སྤོ་ལོའི་ཕྱོགས་སུ་ནང་འཛུལ་བྱེད་དགོས།
ཕར་རྒོལ་བ་༡་ཡིས་ཕར་རྒོལ་བ་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ངེས་པར་དུ་སྤོལ་འགོག་ལག་པས་ལག་བརྒྱུད་བྱེད་པ་སྔོན་འགོག་བྱེད།
འདི་ལྟར་ཡང་དང་བསྐྱར་དུ་ལག་བརྒྱུད་བྱས་ནས་སྦྱོང་བརྡར་ཐེངས་འགའ་བྱས་རྗེས། ཕར་རྒོལ་བ་༢་ནང་འཛུལ་བྱེད་སྐབས། འགོག་མཁན་༢་སྤོལ་དགག་འགོག་སྲུང་གི་ས་གནས་སུ་ཏག་ཏག་ཡོད་མེད་བརྟག་དགོས།
འཁྲབ་མཁན་བརྗེ་སྤོར། ཐེངས་གཅིག་ཚར་རྗེས། འགོག་མཁན་༢་ནི་ཕར་རྒོལ་བ་༢་པ་དང་། ཕར་རྒོལ་བ་༢་ནི་ཕར་རྒོལ་བ་༡་ལ་བརྗེ་སྤོར་བྱ་དགོས། ད་དུང་། ཕར་རྒོལ་བ་༡་ཐིག་གི་མཐའ་ལ་སོང་ནས། ཐིག་ནང་དུ་ཡོད་པའི་མི་དེ་ནི་འགོག་མཁན་༢་ལ་བརྗེས་ཏེ་བསྐྱར་ཟློས་བྱོས།
ནུས་རྩལ་སྦྱོང་བརྡར། #2 ཕར་རྒོལ་རྩེད་མོ་བའི་སྤོལ་འགྲམ་ནང་འཛུལ།
སྤྱོང་སྟངས་ཕལ་ཆེར་གོང་དང་འདྲ་ཞིང་། མི་འདྲ་ས་གཅིག་ཡོད་པ་ནི་ཕར་རྒོལ་བ་༢་ཡིས་འགོག་མཁན་༢་ཐག་ཉེའི་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་བྱེད་པ་ལས། སྤོ་ལོའི་ཕྱོགས་སུ་ནང་འཛུལ་མི་བྱེད། ཕར་རྒོལ་བ་༡་ཡིས་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ངེས་པར་དུ་ལག་བརྒྱུད་བཀག་འགོག་བྱེད་དགོས།
ནུས་རྩལ་སྦྱོང་བརྡར། #3 ཕར་རྒོལ་རྩེད་མོ་བའི་ལྟག་སྒོའི་ནང་འཛུལ།
སྦྱོང་སྟངས་ཕལ་ཆེར་གོང་དང་འདྲ་ཞིང་། མི་འདྲ་ས་གཅིག་ཡོད་པ་ནི་ཕར་རྒོལ་བ་༢་ཡིས་ལྟག་སྒོའི་ནང་འཛུལ་ལ་ཚོད་ལྟ་བྱེད་པ་ལས། སྤོ་ལོའི་ཕྱོགས་སུ་ནང་འཛུལ་མི་བྱེད། ཕར་རྒོལ་བ་༡་ཡིས་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ངེས་པར་དུ་ལག་བརྒྱུད་བཀག་འགོག་བྱེད་དགོས།
ནུས་རྩལ་སྦྱོང་བརྡར། #4 ཕར་རྒོལ་བ་ཚང་མའི་ནང་འཛུལ་འགོག་བཞིན་པ།
སྦྱོང་སྟངས་ཕལ་ཆེར་གོང་དང་འདྲ། ཡིན་ནའང་། ད་ལྟ་ཕར་རྒོལ་བ་༢་ཡིས་སྤོ་ལོའི་ཕྱོགས་སུ་ནང་འཛུལ་དང་། སྤོལ་འགྲམ་ནང་འཛུལ་བྱས་ནས་སྤོལ་སྒྲོམ་ལ་བཅར་བ། ཡང་ན་ལྟག་སྒོའི་ནང་འཛུལ་བྱས་ནས་སྤོལ་སྒྲོམ་ལ་བཅར་བ་སོགས་རང་གིས་གདམ་གསེས་བྱེད་ཆོག ཕར་རྒོལ་བ་༡་ཡིས་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ངེས་པར་དུ་ལག་བརྒྱུད་བཀག་འགོག་བྱེད།