དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.2. སྤོལ་དགག་འགོག་སྲུང་། >
2.1.2.1. སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་ས་གནས།
(1) དྲི་བ། སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་ས་གནས་ནི་ཅི་ཞིག་རེད།
ལན། སྤོ་ལོ་སྟངས་འཛིན་པ་ཁྱོད་དང་སྤོལ་སྒྲོམ་ཕྱོགས་སུ་ཡོང་གི་མེད་པ་དང་། ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བས་སྤོལ་སྒྲོམ་ཕྱོགས་སུ་ནང་འཛུལ་བྱེད་བཞིན་མེད་དུས། ཁྱོད་ནི་ལག་བརྒྱུད་གཅིག་གི་ས་ཁོངས་ཀྱི་སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་གི་ས་གནས་ན་ཡོད།
(2) དྲི་བ། སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་གི་ས་གནས་ཇི་ལྟར་མངོན་འགྱུར་བྱེད།
ལན། མཉམ་འཇོག་བྱ་ས་ཆེས་གཙོ་བོ་ནི་ཁྱོད་ཀྱི་ལུས་པོའི་གནས་སྟངས་ཡིན། སྤོ་ལོ་སྟངས་འཛིན་པ་མིག་གིས་མངོན་སུམ་དུ་མཐོང་ཞིང་། རང་གི་རྩེད་མོ་བ་གར་ཡོད་ཚོར་བས་ཟིན་དགོས། ༼མིག་གིས་སྤོ་ལོར་བལྟས་ནས། ཚོར་བས་རྩེད་མོ་བ་ཟིན་དགོས།༽
ལག་པ། སྤོ་ལོ་དང་ཐག་ཉེའི་ལག་པ་ལག་བརྒྱུད་ལམ་ཐིག་ཏུ་བསྲིངས་ནས། ༼བཀག་འགོག་བྱེད་པའི་ལག་པ།༽ ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བར་ལག་བརྒྱུད་བྱེད་པ་འགོག་དགོས་པར་མ་ཟད། ད་དུང་། ཁྱོད་ཀྱི་རྩེད་མོ་བ་སྤོལ་སྒྲོམ་དང་བར་ཐག་རིང་དུ་སོང་ནས་སྤོ་ལོ་ལེན་དུ་འཇུག་དགོས། སྤོ་ལོ་དང་བར་ཐག་རིང་བའི་ཁྱོད་ཀྱི་ལག་པ་ལྷོད་ཡང་གིས་ཁྱོད་ལ་ཆེད་དུ་བསྐོས་པའི་རྩེད་མོ་བའི་ལུས་ལ་བཞག་ན། ད་གཟོད། ཁྱོད་ཀྱིས་རང་གི་རྩེད་མོ་བའི་འགུལ་སྐྱོད་ཚོར་ཐུབ།
རྐང་བ། རྐང་ཁ་ཁྱོད་ཀྱི་རྩེད་མོ་བར་འཁོར་དགོས། ཁྱོད་ཀྱི་ཕར་རྒོལ་རྩེད་མོ་བ་འགུལ་འགོ་རྩོམ་སྐབས། ཁྱོད་ཀྱི་རྐང་བ་ནང་མའི་མགོ་ཕར་རྒོལ་བའི་འགུལ་ཕྱོགས་སུ་བསྟན་ཏེ། འགོག་སྲུང་གི་དཀྱོགས་སྣུར་བྱེད་དགོས།
ལུས་པོ། ཕར་རྒོལ་རྩེད་མོ་བའི་ལུས་པོ་ཕྱེད་གཉིས་སུ་བགོས་ནས། སྤོ་ལོ་དང་ཐག་ཉེ་བའི་ལུས་ཕྱེད་འགོག་དགོས།
ལག་པའི་བར་ཐག རང་གི་རྩེད་མོ་བར་ཐུག་པ་དང་ཚོར་ཐུབ་པའི་འདང་ངེས་ཀྱི་བར་ཐག་དགོས།
མིག སྤོ་ལོ་མཐོང་དགོས།
ནུས་རྩལ་བསྐྱར་སྦྱོང་།
ནུས་རྩལ་སྦྱོང་བརྡར། སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་ས་གནས།
ཕར་རྒོལ་བ་༡་ནི་ཕར་རྒོལ་ཁྲོད་ཀྱི་སྤོ་ལོ་སྟངས་འཛིན་པ་ཡིན་ལ། འགོ་རྩོམ་ས་ཆ་གསུམ་གནས་ཀྱི་རྩེ་ཡིན།
ཕར་རྒོལ་བ་༢་ནི་ཕར་རྒོལ་ཁྲོད་ཀྱི་ཆེད་དུ་བསྐོས་པའི་རྩེད་མོ་བ་ཡིན་ལ། སྐར་གསུམ་ཐིག་གི་གཤོག་པའི་གཡས་གཡོན་གང་རུང་ནས་འགོ་རྩོམ་དགོས།
འགོག་མཁན་༢་ནི་ཕར་རྒོལ་བ་༢་བའི་སྤྱིར་བཏང་གི་སྤོལ་དགག་འགོག་སྲུང་བྱེད་མཁན་ཡིན།
ཕར་རྒོལ་བ་༡་ཡིས་༢་ལ་སྤོ་ལོ་ལག་བརྒྱུད་དང་། འགོག་མཁན་༢་ཡིས་ངེས་པར་དུ་སྤོ་ལོའི་ཐག་ཉེ་ལག་པ་བསྲིངས་ཏེ་ལག་བརྒྱུད་སྔོན་འགོག་བྱེད།
འདི་ལྟར་ཐེངས་འགར་བསྐྱར་སྦྱོང་བྱས་ནས། འགོག་མཁན་༢་ཡི་སྤྱིར་བཏང་གི་བཀག་སྡོམ་འགོག་སྲུང་ས་གནས་འགྲིག་མིན་བརྟག་དཔྱད་བྱེད་དགོས།
བརྗེ་སྤོར། དེ་ནས། འགོག་མཁན་༢་ཕར་རྒོལ་བ་༢་དང་། ཕར་རྒོལ་བ་༢་ཕར་རྒོལ་བ་༡་ལ་བརྗེ་སྤོར་བྱ་དགོས། ཕར་རྒོལ་བ་༡་མཐའ་ཐིག་ཏུ་སོང་ནས་སྒུག་དགོས། དེའི་འཕྲོ་མའི་ཐིག་ནང་དུ་གྲལ་སྒྲིག་མཁན་ནི་འགོོག་༢་ལ་བརྗེས་ཏེ་བསྐྱར་ཟློས་བྱོས།