(1) དྲི་བ། ཕར་རྒོལ་རྩེད་མོ་བས་སྤོ་ལོ་འཕངས་རྗེས། ངས་ཇི་ལྟར་བྱས་ནས་པང་སྤོལ་ལེན་པར་གྲ་སྒྲིག་བྱ།

ལན། འདི་ནི་འགོག་སྲུང་དང་པང་སྤོལ་གྱི་ཆེས་གལ་ཆེ་བའི་སྐོར་ཡིན་མོད། མི་མང་བོ་ཞིག་གིས་སྒྲུབ་མི་ཐུབ། དེ་ལ་ཚང་མས་༼ཕྱི་འདེད་༽ཟེར། 

 
 

(2) དྲི་བ། ཅིའི་ཕྱིར་ཕྱི་འདེད་ནི་དེ་འདྲའི་གལ་ཆེ།

ལན། ཕྱི་འདེད་ཀྱིས་ཕར་རྒོལ་རྩེད་མོ་བ་པང་སྤོལ་ལེན་སའི་ས་གནས་སུ་ཡོང་བར་སྔོན་འགོག་བྱེད། ཁྱོད་ཀྱི་ལུས་ཚད་ག་འདྲ་ཡིན་ཡང་། ཁྱོད་ལ་གཞན་པ་ཕྱི་རུ་འདེད་པའི་འགན་འཁྲི་ཡོད། གལ་སྲིད་ཁྱོད་ཀྱིས་ཕྱི་འདེད་མ་བྱས་ན། ཁྱོད་ལས་གཟུགས་རིང་བ་དང་ལྡིང་ཚད་མཐོ་བའི་ཕར་རྒོལ་བའི་མདུན་དུ། ཁྱོད་ཀྱིས་པང་སྤོལ་ལེན་ཐུབ་ངེས་ཀྱི་ཚད་གཞི་ཇེ་ཉུང་དུ་འགྲོ། ཕྱི་འདེད་ཀྱིས་ཁྱོད་ཀྱི་པང་སྤོལ་ལེན་པའི་གོ་སྐབས་ཇེ་མང་དུ་གཏོང་བར་མ་ཟད། ད་དུང་ཕར་རྒོལ་བ་ཐང་ཆད་དུ་འཇུག་པ་དང་། པང་སྤོལ་ལེན་པའི་འདུན་པ་བཅས་ཉམས་དམས་སུ་གཏོང་ཐུབ།


(3) དྲི་བ། ཕྱི་འདེད་ཀྱི་ཡང་དག་པའི་ཐབས་ལམ་གང་དག་ཡིན།

ལན། 

  • ཀ ཕར་རྒོལ་བ་གང་རུང་ཞིག་བཙལ་ནས་ཕྱི་འདེད་བྱ་དགོས། ༼སྤྱིར་བཏང་དུ་རང་ལ་ཆེད་བསྐོས་བྱས་པའི་ཕར་རྒོལ་རྩེད་མོ་བ་དང་། ཡང་ན་རང་

    དང་བར་ཐག་ཆེས་ཉེ་བའི་ཕར་རྒོལ་རྩེད་མོ་བ་ཡིན། ང་ཚོས་རྗེས་ནས་ཞིབ་ཕྲ་གྲོས་སྡུར་བྱ།༽

  • ཁ ལག་མངར་བྲང་གཞོང་དུ་འཇོག་དགོས། ༼སྒྲིག་འགལ་དང་ཕུ་རྒྱག་མ་བྱས་པར། ལག་མངར་བྲང་གཞོང་དུ་བཞག་ནས་ཕར་རྒོལ་རྩེད་མོ་བ་སྤོལ་

    སྒྲོམ་ཐག་ཉེ་རུ་བཅར་བ་སྔོན་འགོག་བྱེད་དགོས།༽

 
 
  • ག ལུས་དམའ་མོ་བྱས་ནས་ལུས་རྩལ་བའི་འདུག་སྟངས་མངོན་དགོས། རྐང་བ་དང་རྐེད་རྐུབས་ལ་བརྟེན་ནས་ཕྱིར་རྩེད་མོ་བའི་ཕྱོགས་སུ་འགུལ་སྐྱོད་

    དང་། ཁ་ངོ་སྤོལ་སྒྲོམ་ཕྱོགས་སུ་འཁོར་དགོས།

 
 
  • ང འདུག་སྟངས་རྒྱུན་འཁྱོངས་སྒོས་ཕར་རྒོལ་རྩེད་མོ་བ་ཁྱོད་སྐོར་ནས་འགྲོ་རུ་མི་འཇུག་ཅིང་། དེ་ནས་སྤོ་ལོའི་གནས་ཐིག་གཏན་ཁེལ་བྱ།

  • ཅ པང་སྤོལ་ལེན་དགོས། ༼ང་ཚོས་སྤོལ་པང་ལེན་ཐབས་ཀྱི་ཆེས་བཟང་བའི་ནུས་རྩལ་སོགས་རྗེས་ནས་གྲོས་སྡུར་བྱ།༽


ནུས་རྩལ་བསྐྱར་སྦྱོང་།


ནུས་རྩལ་བསྐྱར་སྦྱོང་། #1: གཏན་འཇགས་རང་བཞིན་གྱི་ཕྱི་འདེད།

  • ཕར་རྒོལ་༼སྒོར་དབྱིབས་སྔོན་པོ།༽དང་འགོག་སྲུང་༼རྒྱ་གྲམ་ལྗང་ཁུ།༽རྩེད་མོ་བ་ཕན་ཚུན་ཁ་གཏད་དུ་བླངས་ནས་གྲལ་སྒྲིག

  • རུ་ཁག་ཕན་ཚུན་བར་གྱི་འགོག་སྲུང་གི་བར་ཐག་ལ་ཕལ་ཆེར་ཆ་སྙོམས་ཀྱི་རྨིད་༢དགོས།

  • རུ་ཁག་ཕན་ཚུན་བར་འདང་ངེས་ཀྱི་བར་སྟོང་༼རྨིད༥༽ཡོད་ཚེ། རུ་ཁག་ཕན་ཚུན་གདོང་ཐུག་མི་རྒྱག

  • རྩལ་ཁྲིད་པས་༼རྒྱུགས་ཤིག༽ཟེར་བའམ་ཡང་ན་ཙི་ཙི་འབུད་སྐབས། ཕར་རྒོལ་བས་འགོག་སྲུང་རྩེད་མོ་བ་སྐོར་ནས་འགྲོ་ཐབས་བྱེད་པ་ལ། འགོག་སྲུང་རྩེད་མོ་བས་ཕྱི་འདེད་ནན་མོ་བྱས་ཏེ་ཕར་རྒོལ་རྩེད་མོ་བ་རང་ཉིད་སྐོར་ནས་འགྲོ་རུ་མི་འཇུག

  • འདི་ལྟར། མི་རེ་རེའི་ཕྱི་འདེད་གནས་སྟངས་ཡར་རྒྱས་འགྲོ་རག་བར་དུ། བསྐྱར་སྦྱོང་བྱ་དགོས།


ནུས་རྩལ་བསྐྱར་སྦྱོང་། 2 ཕྱི་འདེད་སྐར་ཆ་གསུམ། 

སྔོན་གྱི་སྦྱོང་བརྡར་བྱེད་སྟངས་དང་འདྲ། ཡིན་ནའང་། ད་ལྟ་སྤོ་ལོ་འགོག་སྲུང་བ་ནས་བརྩིས་པའི་རྨིད་༢མཚམས་སུ་ལྷུང་དགོས། ཙི་ཙི་འབུད་སྐབས། ཕར་རྒོལ་བས་སྤོ་ལོ་འཛིན་ཐབས་དང་། འགོག་སྲུང་བས་ཕྱི་འདེད་བྱས་ནས་ཕར་རྒོལ་བས་སྤོ་ལོ་འཛིན་པ་སྐར་ཆ་༣ལ་སྔོན་འགོག་བྱེད། 


ནུས་རྩལ་བསྐྱར་སྦྱོང་། 3 གཏན་འཇགས་ཀྱི་ཕྱི་འདེད།༼སྤོལ་འཕེན་འགྲན་རྩོད་བྱ།༽

ནུས་རྩལ་#1དང་འདྲ་། ཡིན་ནའང་། ཕར་རྒོལ་རྩེད་མོ་བར་སྤོ་ལོ་ཡོད་ལ། རྟོག་བཟོའི་སྤོལ་སྒྲོམ་གྱི་བར་ཐག་རྨིད་༤མཚམས་ནས་སྤོལ་འཕེན་བྱ། འགོག་སྲུང་བས་སྤོལ་འཕེན་ལ་འགྲན་རྩོད་དང་། དེ་ནས་ཕྱི་འདེད་བྱེད་དགོས་པས། ཕར་རྒོལ་བས་སྤོ་ལོ་ཕྱིར་ཐོབ་ཐབས་མི་བྱེད།