(1)  དྲི་བ། རིམ་པ་༣པའི་ནང་། སྤོ་ལོ་སྟངས་འཛིན་པས་སྤོ་ལོ་རྡེབ་རྗེས་ཕྱིར་ལག་ཏུ་བཟུང་ན་ཇི་ལྟར་བྱ། 

ལན། སྤོ་ལོ་སྟངས་འཛིན་པས་སྤོ་ལོ་རྡེབ་ནས་ཕྱིར་བཟུང་རྗེས། ཁོ་ཚོར་གདམ་ཀ་གཉིས་མ་གཏོགས་མེད། དེ་ནི་སྤོལ་འཕེན་དང་ལག་བརྒྱུད་རེད། ང་ཚོས་དེ་གཉིས་ཀར་འགྲན་རྩོད་བྱེད་དགོས།

Audio Block
Double-click here to upload or link to a .mp3. Learn more
 

(2) དྲི་བ། སྤོ་ལོ་རྡེབ་རྗེས་ངས་ཇི་ལྟར་ལག་བརྒྱུད་བྱེད་པ་འགོག

ལན། སྤོ་ལོ་ཤི་རྗེས། ཁྱོད་ཕར་རྒོལ་རྩེད་མོ་བའི་ཆེས་ཉེ་སར་བཅར་འོས། རྒྱུ་མཚན་ཁོ་ཚོས་སྤོ་ལོ་རྡེབ་ནས་ཁྱོད་བསྐྱུར་ཐབས་མེད། ཁྱོད་ཀྱི་ལག་པ་སྤོ་ལོའི་བརྒྱུད་ལམ་དང་དྲང་ཐད་དུ་བཞག་ནས་སྤོ་ལོའི་མེ་ལོང་ལྟ་བུ་བྱེད་དགོས། འདིས་ནི་ཕར་རྒོལ་བར་ལག་བརྒྱུད་གསལ་བོ་བྱེད་པའི་གོ་སྐབས་ལ་འགལ་རྐྱེན་བཟོ་ཞིང་། སྤོ་ལོ་ཤི་སོང་ཞེས་སྐད་བརྒྱབ་སྟེ་ཕར་རྒོལ་རྩེད་མོ་བར་གནོན་ཤུགས་སྤྲོད་པ་དང་། རང་གི་རྩེ་རོགས་དག་ལ་སྤོལ་རྡེབ་གོ་སྐབས་མེད་པ་གསལ་འདེབས་བྱེད་དགོས།

Audio Block
Double-click here to upload or link to a .mp3. Learn more
 

(3)  དྲི་བ། སྤོ་ལོ་རྡེབ་རྗེས་སྤོལ་འཕེན་ལ་ཇི་ལྟར་འགྲན་རྩོད་བྱེད། 

ལན། སྤོ་ལོ་རྡེབ་རྗེས་དང་མ་རྡེབ་ཡར་སྔོན་གྱི་སྤོལ་འཕེན་ལ་འགྲན་རྩོད་བྱེད་སྟངས་རིགས་འདྲ། རང་གི་ལག་པ་ནང་མ་སྒྲིག་འགལ་མ་བྱས་པར་སྤོ་ལོའི་སྟེང་དུ་འཇོག་པ་ལས་ཡར་ལྡིང་མི་རུང་། ༼ཐབས་ཆེས་ཤོས་ནི་ལག་པ་སྤོ་ལོའི་དྲང་ཐད་དུ་བཞག་ནས་མེ་ལོང་ལྟ་བུ་བྱེད་པ་དང་། དེ་ནས་ལག་པ་སྤོལ་འཕེན་ལམ་དུ་བཞག་ནས་མཐོང་ལམ་སྒྲིབ་དགོས། ༽ ཡིན་ནའང་། ད་ཐེངས་ལུས་པོ་སྔར་བས་མཐོན་པོར་ལངས་ནས་འགྲན་རྩོད་བྱ་ཆོག་ནའང་། ༼ཕར་རྒོལ་བར་སྤོལ་རྡེབ་གོ་སྐབས་མེད་པ་ནས།༽ པང་སྤོལ་ལེན་པར་གྲ་སྒྲིག་དགོས། ༼ང་ཚོས་རྗེས་མར་གྲོས་སྡུར་བྱ་ཆོག༽

Audio Block
Double-click here to upload or link to a .mp3. Learn more
 
 
འགོག་སྲུང་གི་འདུག་སྟངས་ལས་ཅུང་ཙམ་མཐོན་པོ་བྱས་ནས་སྤོལ་འཕེན་ལ་འགྲན་རྩོད་བྱེད་པའི་མ་དཔེ།

འགོག་སྲུང་གི་འདུག་སྟངས་ལས་ཅུང་ཙམ་མཐོན་པོ་བྱས་ནས་སྤོལ་འཕེན་ལ་འགྲན་རྩོད་བྱེད་པའི་མ་དཔེ།

 
 
ལག་པ་སྤོ་ལོའི་དྲང་ཐད་དུ་བཞག་ནས་མེ་ལོང་བྱེད་པའི་མ་དཔེ།

ལག་པ་སྤོ་ལོའི་དྲང་ཐད་དུ་བཞག་ནས་མེ་ལོང་བྱེད་པའི་མ་དཔེ།

 
 
ལག་པས་མཐོང་ལམ་སྒྲིབ་པའི་མ་དཔེ།

ལག་པས་མཐོང་ལམ་སྒྲིབ་པའི་མ་དཔེ།

 

བསྐྱར་སྐྱོང་།


ནུས་རྩལ་བསྐྱར་སྦྱོང། འགོག་སྲུང་བའི་སྣུར་འགྲོས་ཀྱི་དཀྱོགས་སྣུར། ༼ཕར་རྒོལ་བ་དང་ལྷན་དུ་རྩེད་ཐང་ཧྲིལ་བོར་ལག་བརྒྱུད་འགྲན་རྩོད།༽

འདི་ནི་ལེ་ཚན་སྔོན་མའི་ནང་དོན་དང་རིགས་འདྲ་ཞིང་། ཕར་རྒོལ་རྩེད་མོ་བས་ས་ཚིགས་རེ་རེ་ནས་སྤོལ་རྡེབ་སྐར་ཆ་༣ལ་བྱེད་པ་དང་། དེ་ནས། འགོག་མཁན་གྱིས་ངེས་པར་དུ་ལག་པ་སྤོ་ལོའི་དྲང་ཐད་དུ་མེ་ལོང་ལྟ་བུ་བྱས་ནས། ལག་བརྒྱུད་བྱེད་པར་འགྲན་རྩོད་དང་། ད་དུང་། སྤོ་ལོ་ཤི་སོང་ཞེས་སྐད་རྒྱག་དགོས། སྐར་ཆ༣རྗེས་ནས། ཕར་རྒོལ་རྩེད་མོ་བས་མུ་མཐུད་དུ་ས་ཚིགས་རྗེས་མར་རྡེབ་ནས་འགྲོ་དགོས།