དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་། > 2.1.1. སྤོ་ལོ་ཡོད་མི་འགོག་སྲུང་།
2.1.1.2. རིམ་པ་༢ ༼སྤོལ་རྡེབ་སྐབས༽
(1) དྲི་བ། རིམ་པ༢པའི་ནང་དུ་ཕར་རྒོལ་རྩེད་མོ་བས་སྤོལ་རྡེབ་འགོ་རྩོམ་སྐབས། ང་ཚོས་ཇི་ལྟར་སྤོ་ལོ་ཡོད་མི་འགོག་སྲུང་བྱ།
ལན། འདི་ནས་ཁྱོད་ཀྱིས་གཡས་གཡོན་ཕྱོགས་གཉིས་ཀྱི་འགུལ་སྐྱོད་དམ་འགོག་སྲུང་གི་སྣུར་འགྲོས་ལ་བློ་རྩེ་གཅིག་ཏུ་སྒྲིམ་དགོས། སྣུར་སྐབས།
ཁྱོད་སྔར་བཞིན་འགོག་སྲུང་གི་ལངས་སྟངས་གནས་བབ་ཏུ་ཡོད་པས། རང་གི་ལུས་པོའི་ཟུར་ཚད་མཐའ་ཐིག་དང་སྣེ་ཐིག་ལ་ཕྱོགས་དགོས།
ཁྱོད་ཀྱི་རྐང་བ་ཕྱི་མའི་རྐང་ཁ་ཁྱོད་ཀྱིས་ཕར་རྒོལ་རྩེད་མོ་བ་འགྲོ་རུ་འཇུག་འདོད་པའི་ཕྱོགས་སུ་འཁོར་དགོས།
རྐང་བ་ཕན་ཚུན་བསྣོན་བའམ་ལྡིང་མི་རུང་། ཁྱོད་ཀྱི་གོམ་ཆུང་རེ་རེ་བསྣུར་ནས་ཁ་ཕྱོགས་ལས་སླ་མོར་བསྒྱུར་དགོས།
ཁྱོད་ཀྱི་ལག་པ་དང་དཔུང་བ་ཕྱི་མ་ཕར་རྒོལ་རྩེད་མོ་བ་འགྲོ་རུ་འཇུག་འདོད་པའི་ཕྱོགས་སུ་བསྲིངས་པ་དང་། ལག་པ་དང་དཔུང་བ་ནང་མས་ཕུ་རྒྱག་མ་བྱས་པར་ཕར་རྒོལ་རྩེད་མོ་བའི་ལུས་ལ་ཐུག་ཙམ་བྱེད་དགོས།
གལ་སྲིད་ཕར་རྒོལ་བ་ཁྱོད་ཕྱོགས་སུ་ཡོང་ན། ཁྱོད་ཀྱིས་རང་གི་བྲང་གཞོང་ལ་སྤོལ་རྡེབ་རྡུང་ཐུག་བྱེད་དུ་འཇུག་དགོས།
(2) དྲི་བ། སྤོལ་རྡེབ་རྡུང་ཐུག་ནི་ཅི་ཞིག་རེད།
ལན། སྤོལ་རྡེབ་རྡུང་ཐུག་ནི་ཕར་རྒོལ་སྒྲིག་འགལ་རིགས་ཤིག་ཡིན། ཕར་རྒོལ་རྩེད་མོ་བ་གཡས་གཡོན་ཕྱོགས་གཉིས་དང་ལྟག་རྒྱབ་གང་རུང་དུ་སྣུར་སྐབས། ས་གནས་གང་རུང་ལ་སྔོན་དུ་སླེབས་ཟིན་པའི་འགོག་སྲུང་བར་རང་གི་ལུས་ཟུར་གྱིས་དྲག་ཏུ་རྡུང་ཐུག་བརྒྱབ་ན། སྒྲིག་འགལ་འདིའི་རིགས་འབྱུང་།
(3) དྲི་བ། ཁྱོད་ཀྱིས་སྤོལ་རྡེབ་འགོག་སྲུང་བྱེད་སྐབས། གལ་སྲིད་ཕར་རྒོལ་རྩེད་མོ་བས་ཁྱོད་བསྐྱུར་རྩིས་བྱ་ན་ཇི་ལྟར་བྱེད།
ལན། གལ་སྲིད་ཕར་རྒོལ་རྩེད་མོ་བ་ཁྱོད་ཀྱི་མདུན་དུ་ཤོར་ན། ཁྱོད་རྒྱུགས་ནས་ཁོ་ཚོའི་རྗེས་ཨེ་ཆོད་ལ་ལྟ་དགོས།
བསྐྱར་སྐྱོང་།
ནུས་རྩལ་བསྐྱར་སྦྱོང་། ༡ འགོག་སྲུང་བའི་སྣུར་འགྲོས་ཀྱི་དཀྱོགས་སྣུར། ༼རྩེད་ཐང་ཧྲིལ་བོར་ཕར་རྒོལ་བ་མེད།༽
འགོག་སྲུང་གི་སྣུར་འགྲོས་བྱེད་སྟངས་ཀྱི་འགུལ་སྐྱོད་དེ། ས་གནས་མི་འདྲ་བ་ནས་འགོ་བཟུང་སྟེ་ལྟག་རྒྱབ་ཏུ་སྣུར་སྟངས། གཡས་གཡོན་ཕྱོགས་གཉིས་སུ་ཁ་ཕྱོགས་བརྗེ་སྟངས་སྦྱོང་བརྡར་བྱོས། ༼ཁྱོད་ཀྱིས་རྡོ་དང་དངོས་པོ་གང་རུང་གིས་ས་རྟགས་རྒྱག་པའམ། ཡང་ན་རྩེད་ཐང་གི་སྐར་གཅིག་ཐིག་དང་དཀྱིལ་ཐིག མཐའ་ཐིག་གང་རུང་གཞིར་བཟུང་ནས་སྦྱོང་བརྡར་བྱ་ཆོག༽ རང་གིས་སྦྱོང་ཟིན་པ་ཡོད་ཚད་སེམས་ལ་དམ་པོར་ཟུངས་ཤིག
ནུས་རྩལ་སྦྱོང་བརྡར། ༢ འགོག་སྲུང་བའི་སྣུར་འགྲོས་ཀྱི་དཀྱོགས་སྣུར། ༼རྩེད་ཐང་ཧྲིལ་བོར་ཕར་རྒོལ་བ་དང་ལྷན་དུ་ཁ་ཕྱོགས་བརྗེ་བ།༽
འདི་ནི་གོང་གི་ནུས་རྩལ་སྦྱོང་སྟངས་དང་འདྲ་ཞིང་། མི་འདྲ་ས་གཅིག་ཡོད་པ་ནི་སྤོ་ལོ་ཡོད་པའི་ཕར་རྒོལ་རྩེད་མོ་བ་གཅིག་བསྣན་ཡོད། གཏན་འཁེལ་བྱས་པའི་ས་གནས་ནས་ཁ་ཕྱོགས་བརྗེས་ཏེ་རྩེད་ཐང་ཧྲིལ་བོའི་ཕར་ཕྱོགས་སུ་འགྲོ་དགོས། གལ་སྲིད་རྩེད་ཐང་གི་ཕར་ཕྱོགས་སུ་སླེབས་ཚེ། ཁྱོད་ཀྱིས་ཕར་རྒོལ་བ་དང་འགོག་མཁན་གཉིས་ཕན་ཚུན་བརྗེ་སྤོར་བྱས་ཏེ། རྩེད་ཐང་གི་ཚུར་ཕྱོགས་སུ་ཁ་ཕྱོགས་བརྗེས་ནས་མདུན་སྐྱོད་བྱ་དགོས། མི་རེ་རེས་རང་ཉིད་ཀྱི་འགོག་སྲུང་གི་སྣུར་འགྲོས་ལ་བྱང་ཆ་ཐོན་རག་བར་དུ་འདི་ལྟར་ཡང་དང་བསྐྱར་དུ་སྦྱོང་བརྡར་བྱ་ཆོག
ནུས་རྩལ་བསྐྱར་སྦྱོང་། ༣ འགོག་སྲུང་བའི་སྣུར་འགྲོས་ཀྱི་དཀྱོགས་སྣུར། ༼རྩེད་ཐང་ཕྱེད་ཀར་ཕར་རྒོལ་བ་དང་ལྷན་དུ་ལྟག་རྒྱབ་ཏུ་སྣུར།༽
ཐེངས་འདིར། ཕར་རྒོལ་བ་དང་འགོག་སྲུང་བ་གཉིས་ཀས་རྩེད་ཐང་ཕྱེད་ཀར་སྦྱོང་བརྡར་བྱ། དེ་ནས། ཕར་རྒོལ་བས་སྤོ་ལོ་སྣེ་ཐིག་སྟེང་གི་ཕར་རྒོལ་རྩེད་མོ་བ་གསར་བར་ལག་བརྒྱུད་བྱས་རྗེས། འགོག་མཁན་ཕྱིར་རྒྱུགས་ཡོང་ནས་ཕར་རྒོལ་རྩེད་མོ་བ་གསར་བ་དང་ལྷན་དུ་འགོ་རྩོམ་དགོས། སྦྱོང་བརྡར་ཡུན་ཚད་སྐར་མ༡རྗེས་ནས། ད་གཟོད་འགོག་མཁན་བརྗེ་སྤོར་བྱ་དགོས།