དཀར་ཆག > 2. འགོག་སྲུང། > 2.1. རྩེད་ཐང་¼འགོག་སྲུང་། རྩེད་མོ་བ་འགོག་སྲུང་།
2.1.1. སྤོ་ལོ་ཡོད་མི་འགོག་སྲུང་།
(1) དྲི་བ། སྤོ་ལོ་ཡོད་མི་འགོག་སྲུང་ནི་ཅི་འདྲ་ཞིག་རེད།
ལན། གལ་ཏེ་ཁྱོད་ལ་ཆེད་བསྐོས་བྱས་པའི་ཕར་རྒོལ་བའི་ལག་ཏུ་སྤོ་ལོ་ཡོད་ཚེ། ཁྱོད་ནི་སྤོ་ལོ་ཡོད་མི་འགོག་སྲུང་བ་ཡིན། སྤོ་ལོ་ཡོད་པའི་ཕར་རྒོལ་བ་ནི་རྩེད་ཐང་གི་སྐར་མ་ཐོབ་པར་ཆེས་ཉེན་ཁ་ཆེ་བའི་འཇིགས་སྐུལ་བ་དེ་ཡིན། མདོར་དེད་ན། ཁྱོད་ལ་ཁོ་ཚོའི་སྤོལ་འཕེན་གཟུ་ཚད་ཀྱི་བརྒྱ་ཆ་དམའ་རུ་གཏོང་བའི་འགན་འཁྲི་མཐའ་གཅིག་ཏུ་ཡོད།
(2) དྲི་བ། སྤོ་ལོ་ཡོད་མི་འགོག་སྲུང་གི་གོ་རིམ་ཁྲོད། ང་ཚོས་ཇི་ལྟར་སྤོལ་འཕེན་གཟུ་ཚད་དམའ་མོའི་དམིགས་འབེན་མངོན་འགྱུར་བྱེད།
ལན། སྤོལ་འཕེན་གཟུ་ཚད་ཆེས་དམའ་བ་ནི་སྤོལ་སྒྲོམ་དང་བར་ཐག་ཆེས་རིང་ལ། འགོག་མཁན་ཡོད་པའི་འགྲན་རྩོད་སྤོལ་འཕེན་ཡིན།
བཀག་སྡོམ། ཕར་རྒོལ་རྩེད་མོ་བ་དང་སྤོལ་སྒྲོམ་གྱི་བར་དུ་བསྡད་ནས། ཕར་རྒོལ་རྩེད་མོ་བ་སྤོལ་སྒྲོམ་དང་ཉེ་བར་བཅར་དུ་འཇུག་མི་རུང་།
སྣེ་ཐིག་དང་མཐའ་ཐིག་ལ་འདེད་པ། ཕར་རྒོལ་རྩེད་མོ་བ་སྤོ་ལོ་དང་ལྷན་དུ་དཀྱིལ་༼ཆ་གསུམ་གནས༽ལ་འགྲོ་བ་སྔོན་འགོག་དང་། ཁོ་ཚོ་མཐའ་ཐིག་དང་སྣེ་ཐིག་ཕྱོགས་སུ་བཙན་འདེད་བྱེད་པ།
སྤོལ་འཕེན། ཕར་རྒོལ་རྩེད་མོ་བའི་སྤོལ་འཕེན་གསལ་བོ་སྔོན་འགོག་བྱེད་དགོས།
ལག་བརྒྱུད། ཕར་རྒོལ་རྩེད་མོ་བར་རང་གི་རུ་མི་ལ་ལག་བརྒྱུད་གསལ་བོ་བྱེད་པ་སྔོན་འགོག་བྱེད་དགོས།
(3) དྲི་བ། ང་ཚོས་ཅིའི་ཕྱིར་ཕར་རྒོལ་བ་དཀྱིལ་༼ཆ་གསུམ་གནས༽ལ་འགྲོ་རུ་མི་འཇུག
ལན། འདི་ལ་རྒྱུ་མཚན་མང་བོ་ཞིག་ཡོད་མོད། འདིར་རེ་འགའ་ཞིག་བཤད་ན།
སྤྱིར་བཏང་དཀྱིལ་ཚད་ནས་སྤོལ་འཕེན་བྱས་ན་མཐའ་ཐིག་དང་སྣེ་ཐིག་ལ་བལྟས་པས་གཟུ་ཚད་མཐོན་པོ་ཡིན། ༼ང་ཚོས་ཕར་རྒོལ་སྐབས་སུ་འདིའི་སྐོར་ནས་མང་དུ་གྲོས་སྡུར་བྱ་ཆོག༽
དཀྱིལ་ནས་ཕར་རྒོལ་བས་གང་སར་ལག་བརྒྱུད་དང་རྡེབ་ནས་འགྲོ་ཆོག་ལ། མཐའ་ཐིག་དང་སྣེ་ཐིག་ནས་ཕར་རྒོལ་བས་གང་སར་ལག་བརྒྱུད་དང་རྡེབ་ནས་འགྲོ་བའི་གདམ་ག་ཅུང་ཉུང་།༼མཐའ་ཐིག་དང་སྣེ་ཐིག་ཡང་འགོག་མཁན་ཞིག་ཏུ་བརྩི་ཆོག༽
མཐའ་ཐིག་དང་སྣེ་ཐིག་ཕྱོགས་སུ་བཙན་འདེད་བྱས་ནས་བཀག་ན། འགོག་སྲུང་བས་ཐོག་མཐའ་ཀུན་ཏུ་ཕར་རྒོལ་བའི་འགྲོ་ཕྱོགས་གསལ་བོར་ཤེས།
(4) དྲི་བ། སྤོ་ལོ་ཡོད་མི་འགོག་སྲུང་གི་དམིགས་འབེན་མངོན་འགྱུར་བྱེད་པའི་གོ་རིམ་ཅི་ཞིག་རེད།
ལན། ཕར་རྒོལ་རྩེད་མོ་བར་སྤོ་ལོ་ཡོད་པའི་གནས་སྟངས་འོག ང་ཚོས་སྤོ་ལོ་ཡོད་མི་འགོག་སྲུང་རིམ་པ་གསུམ་ལ་བགར་ཆོག
རིམ་པ། ༡ སྤོལ་རྡེབ་ཡར་སྔོན། ༼ཕར་རྒོལ་རྩེད་མོ་བ་འཇིགས་སྐུལ་གསུམ་ལ་ཚུད་སྐབས།༽
རིམ་པ། ༢ སྤོལ་རྡེབ་སྐབས།
རིམ་པ། ༣ སྤོལ་རྡེབ་རྗེས་སུ།
(5) དྲི་བ། འཇིགས་སྐུལ་གསུམ་ནི་གང་དག་ཡིན།
ལན། འཇིགས་སྐུལ་གསུམ་ནི་ཕར་རྒོལ་ཕྱོགས་ཀྱིས་བསྒྲུབ་ངེས་པའི་གདམ་གསེས་རིགས་གསུམ་སྟེ། སྐར་མ་ལེན་པ་དང་སྤོལ་རྡེབ། ལག་བརྒྱུད་བཅས་ཡིན།