དཀར་ཆག > 2. འགོག་སྲུང། > 
2.1. རྩེད་ཐང་¼གི་རྩེད་མོ་བ་འགོག་སྲུང་།
 

(1) དྲི་བ། རྩེད་མོ་བ་འགོག་སྲུང་ཞེས་པ་ནི་ཅི་འདྲ་ཞིག་ཡིན།

ལན། རྩེད་མོ་བ་འགོག་སྲུང་ཁྲོད་དུ། འགོག་མཁན་རེ་རེར་ཕར་རྒོལ་བ་གཅིག་རེ་འགོག་རྒྱུ་ཆེད་བསྐོས་བྱས་ཡོད། གལ་སྲིད་བརྗེ་སྤོར་བྱས་ན་མ་གཏོགས། ནམ་ཡང་འགོག་མཁན་རེ་རེས་རང་ལ་ཆེད་བསྐོས་བྱས་པའི་ཕར་རྒོལ་བ་དེ་འགོག་སྲུང་གི་འགན་འཁུར་མཐའ་གཅིག་ཏུ་ཡོད། ༼ང་ཚོས་ཞིབ་ཕྲ་རྗེས་ནས་བཤད༽ སྤྱིར་བཏང་དུ་རྩེད་མོ་བ་ལ་ས་གནས་དང་ནུས་རྩལ། ལུས་ཚད་བཅས་ལ་བརྟེན་ནས་ཕར་རྒོལ་རྩེད་མོ་བ་ཆེད་བསྐོས་དང་གཏན་འཁེལ་བྱེད་ཀྱི་ཡོད། ༼དཔེར་ན། གདོང་ལེན་བར་མའི་རྩེད་མོ་བ་ཆེན་པོས་གཞན་གྱི་གདོང་ལེན་བར་མའིརྩེད་མོ་ཆེན་པོ་འགོག་པ་ལས། ནམ་རྒྱུན། གདོང་ལེན་བར་མའི་རྩེད་མོ་བ་ཆེན་པོ་ཡིས་མགྱོགས་མྱུར་ཅན་གྱི་ཕྱི་སྲུང་བ་མི་འགོག༽

 

(2) དྲི་བ། རྩེད་ཐང་¼འགོག་སྲུང་ནི་ཅི་ཞིག་ཡིན།

ལན། རྩེད་ཐང་¼འགོག་སྲུང་ནི་ལུས་རྩལ་ར་བའི་བཞི་ཆའི་གཅིག་ཙམ་གྱི་མངའ་ཁོངས་སྟེ། འགོག་མཁན་གྱིས་སྤོལ་སྒྲོམ་དང་བར་ཐག་ཆེས་ཉེ་བའི་ས་གནས་འགོག་སྲུང་བྱེད་པ་ལ་གོ། ༼གཤམ་གྱི་ཐིག་དམར་བོ་ལ་ལྟོས༽

 

(3) དྲི་བ། སྐར་གསུམ་ཐིག་འགོག་སྲུང་ནི་ཅི་ཞིག་ཡིན།

ལན། སྐར་གསུམ་ཐིག་འགོག་སྲུང་ནི་རྩེད་ཐང་¼འགོག་སྲུང་གི་ནང་གསེས་ཤིག་ཡིན་ལ། འགོག་སྲུང་བྱེད་ས་གཙོ་བོ་སྐར་གསུམ་ཐིག་ཕྱི་རོལ་གྱི་གོམ་པ་གཅིག་ཡས་མས་ཀྱི་ས་ཡིན། འདི་ནི་ཆེས་བཟང་བའི་གཞི་རྩའི་འགོག་སྲུང་གི་རིགས་ཤིག་ཡིན།

 

(4) དྲི་བ། ཅིའི་ཕྱིར་སྐར་གསུམ་ཐིག་འགོག་སྲུང་བྱེད་དགོས།

ལན། གལ་སྲིད་ཕུལ་དུ་བྱུང་བའི་སྐར་གསུམ་འཕེན་མཁན་༼ཁི་རེ་ལྟ་བུ༽ཞིག་དང་འཐབ་རྩོད་བྱ་ན་མ་གཏོགས། ཁྱོད་ཀྱིས་སྐར་གསུམ་ཐིག་འགོག་སྲུང་བྱེད་དགོས་དོན་མེད། ༼ཁྱོད་ལ་སྤོ་ལོ་འཕྲོག་འདོད་ཡོད་ན་དམིགས་བསལ་རེད། ང་ཚོས་རྗེས་ནས་གྲོས་སྡུར་བྱ།༽ སྐར་གསུམ་ཐིག་འགོག་སྲུང་གི་ཁེ་ཕན་ནི།

  • དགོས་མཁོ་མེད་ན། སྐར་གསུམ་ཐིག་གི་ཕྱི་རོལ་ནས་ནུས་ཤུགས་འཕྲོ་བརླག་མ་གཏོང་། ༼ལྷག་ཏུ་འགྲན་སྡུར་མང་བོ་དང་དུས་ཡུན་རིང་བོར་རྩེ་དགོས་ན༽

  • སྟོབས་ལྡན་གྱི་གྱང་ཞིག་བསྐྲུན་ཆེད་འགོག་སྲུང་གི་ནུས་པ་སྐར་གསུམ་ཐིག་གི་ནང་དུ་བསྡུས།

  •  ཁོ་ཚོའི་སྤོལ་འཕེན་གཟུ་ཚད་ཇེ་དམའ་རུ་གཏོང་ཆེད། ཐག་རིང་ནས་འཕེན་པར་སྐུལ་འདེད་བྱས།

 

(5) དྲི་བ། རྩེད་མོ་བ་འགོག་སྲུང་བྱེད་སྟངས་ནི་རང་གི་ཕར་རྒོལ་རྩེད་མོ་བ་གནས་གང་དུ་སོང་ཡང་རྟག་པར་རྗེས་འདེད་བྱ་དགོས་སམ།

ལན། ཁྱོད་ཀྱིས་ནམ་ཡང་རང་གི་ཕར་རྒོལ་རྩེད་མོ་བ་གང་ན་ཡོད་པ་ཤེས་དགོས་པ་ལས། མཐའ་གཅིག་ཏུ་ཉེ་བར་བཅར་ནས་རྗེས་འདེད་བྱེད་དགོས་པའི་ངེས་པ་མེད། རྩེད་མོ་བ་འགོག་སྲུང་ཁྲོད་དུ། ཁྱོད་ཀྱི་འགོག་སྲུང་འདུག་གནས་དང་། ཁྱོད་དང་ཁྱོད་ཀྱི་ཆེད་བསྐོས་བྱས་པའི་ཕར་རྒོལ་རྩེད་མོ་བའི་བར་ཐག་ནི། ཁྱོད་འགོག་སྲུང་གི་ས་གནས་གང་དུ་ཡོད་པར་དམ་དུ་འབྲེལ།

 

(6) དྲི་བ། རྩེད་མོ་བ་འགོག་སྲུང་གི་གནས་བབ་ནི་ཅི་འདྲ་ཞིག་རེད། 

ལན། རྩེད་མོ་བ་འགོག་སྲུང་ལ་འགོག་སྲུང་གི་གནས་བབ་མི་འདྲ་བ་གཙོ་བོ་གསུམ་ཡོད། སྤོ་ལོ་ཡོད་མི་འགོག་སྲུང་དང་སྤོ་ལོ་སྔོན་འགོག་འགོག་སྲུང་རོགས་རམ་འགོག་སྲུང་དག་རེད། འགོག་སྲུང་རྩེད་མོ་བས་དུས་གཏན་དུ་སྤོ་ལོ་དང་རང་གི་ཕར་རྒོལ་རྩེད་མོ་བའི་གནས་སྟངས་ལ་བལྟས་ནས། གནས་སྟངས་འདི་གསུམ་ག་གང་རུང་ནས་ངེས་པར་དུ་འཁོར་སྐྱོད་བྱེད་དགོས།