དཀར་ཆག > 
1. ངོ་སྤྲོད་མདོར་བསྡུས།
 

ཕྱོགས་སྟོན་དེབ་འདི་ནི་ཐབས་ཇུས་རང་བཞིན་ཅན་གྱི་སྤོ་ལོ་རྩེ་སྐབས། མཛུབ་ཁྲིད་ཀྱི་ནུས་པ་ལྡན་པའི་གཞི་རྩའི་བསམ་ཚུལ་དང་ལྟ་གྲུབ་ཡིན་ལ། འདི་དག་གི་ཡོང་ཁུངས་གཙོ་བོ་ནི་འཛམ་གླིང་གི་ཡུལ་གྲུ་སོ་སོ་དང་། NBAདངWNBAཡི་རྩལ་ཁྲིད་པ་དང་སྤོལ་རྩེད་པ་སོགས་ཡིན། འདི་དག་ནི་འཐབ་རྩལ་དང་ཐབས་ཇུས། ལྟ་གྲུབ་བརྒྱ་ཕྲག་མང་བོ་ཡོད་པའི་ནང་གི་བསམ་ཚུལ་དང་བྱེད་ཐབས་ཁ་ཤས་ཡིན། ད་དུང་། དུས་ཚོད་ཀྱི་འགྱུར་ལྡོག་དང་བསྟུན་ནས་འགྱུར་བའང་ཐེབས་བཞིན་ཡོད། གལ་སྲིད་ཁྱེད་རང་བསམ་ཚུལ་གང་རུང་ལ་འཐད་པ་མེད་ཚེ། དོགས་སློང་བྱ་རྒྱུ་གལ་ཆེ། དེ་མིན་ཁྱེད་ཀྱིས་བྱང་ཆུབ་པ་ཞིག་ཤེས་ན་མ་གཏོགས། ནམ་ཡང་ཡང་དག་པའི་དྲིས་ལན་ཞིག་རྙེད་དཀའ། ཁྱེད་ལ་གནས་ལུགས་དང་རྒྱུ་མཚན། དོན་དངོས་ཀྱིས་བདེན་དཔང་བྱས་ན། ད་གཟོད་ཁྱེད་ཀྱི་ཡིད་ལ་གསལ་བར་ངེས་ཐུབ། ལྟ་ཚུལ་འདི་དག་གིས་ཁྱེད་ལ་སྔར་ལས་ལྷག་པའི་བསམ་ཚུལ་མང་བོ་གསར་དུ་འདོན་པར་རོགས་རམ་དང་སྣེ་ཁྲིད་བྱེད་ཐུབ་པའི་རེ་བ་དང་། ཁྱེད་ཀྱི་གྲོས་གཞི་དང་དགོངས་འཆར་ལ་དགའ་བསུ་ཞུ། གཤམ་གསལ་ནི་ང་ཚོའི་འབྲེལ་གཏུག་སྐད་འཕྲིན་དང་ཡིག་ཟམ་ཡིན། basketball@norlha.com.

 

ཕྱོགས་སྟོན་དེབ་འདིའི་དམིགས་ཡུལ་ནི་གོ་རིམ་ཡོད་པའི་རྩེ་མོའི་སྒྲོམ་གཞི་ཞིག་མཁོ་སྤྲོད་དང་། རྩེད་མོ་རེ་རེ་རྩ་བའི་ཆ་ཤས་མང་བོར་བགོས་ཏེ། སྤོ་ལོའི་ཐབས་ཇུས་ཤེས་བྱ་དང་རྨང་གཞི་བརྟན་པོ་འདིང་ཆེད་ཡིན། མ་མཐའ་སྤོ་ལོ་རྩེ་བར་ཉམས་མྱོང་ཕུན་སུམ་ཚོགས་པ་མེད་མཁན་ཞིག་ཡིན་ནའང་། དང་བོ་ནས་འགོ་བརྩམས་ཏེ་རིམ་བཞིན་འཕེལ་རྒྱལ་དང་རྨང་གཞི་ཟིན་པའི་རེ་བ་ཆེ།

 

འདི་ནི་དྲི་བ་དང་དྲིས་ལན་གྱི་རྣམ་པས་གྲུབ་ཅིང་། གལ་ཏེ་ཁྱེད་རང་མོས་མཐུན་ཡོད་ཚེ། ངེད་ཅག་གི་དྲིས་ལན་མ་ཀློག་ཡར་སྔོན་དུ། རང་གིས་རང་ལ་དྲི་བ་དྲིས་ནས། དྲིས་ལན་སྐོར་ལ་བསམ་བློ་གཏོང་བ་དང་། ཡང་ན་ཁྱོད་རང་རྩལ་ཁྲིད་པ་ཞིག་ཡིན་ན། རང་གི་རུ་ཁག་ལ་དྲི་བ་དྲིས་ནས་དྲིས་ལན་མཐའ་དག་མཉམ་རུབ་བྱ་ཆོག ང་ཚོས་ནམ་ཡང་ཁྱེད་ཀྱི་བསམ་ཚུལ་དང་དྲིས་ལན་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ། ཆེད་དུ་ཐག་གིས་བཅད་པའི་རིག་ཚན་ལྟ་གྲུབ་སློབ་ཁྲིད་བྱས་རྗེས། ང་ཚོས་རུ་ཁག་གི་ནུས་རྩལ་སྦྱོང་བརྡར་ལག་ལེན་བྱས་ཏེ། རིག་ཚན་གྱི་གོ་རྟོགས་ཇེ་མཐོ་དང་ལག་ལེན་དོན་འཁྱོལ་ཡོང་བར་རོགས་རམ་དང་། ད་དུང་། ང་ཚོས་མི་སྒེར་ནུས་རྩལ་སྦྱོང་བརྡར་ལག་ལེན་བྱས་ཏེ། ལུས་རྩལ་བ་རེ་རེའི་རང་ངོས་ནས་སྦྱོང་བརྡར་དང་སྦྱོང་བརྡར་སློབ་ཚན་དུ་ཞུགས་ཆོག

 

འདི་ལྟར། ང་ཚོས་སློབ་གསོའི་མ་ལག་དང་རང་བཞིན་ལྡན་པའི་སྒོ་ནས། ཐོག་མར་དངོས་སུ་སློབ་ཁྲིད་༼ཕྱོགས་སྟོན་དེབ་སློབ་ཁྲིད།༽བྱ་བ་དང་། དེ་ནས། ཚོད་ལྟ་ཁང་ནས་ལག་ལེན་དུ་ ༼སྤོ་ལོ་རྩེད་རའི་རུ་ཁག་གི་ནུས་རྩལ་སྦྱོང་བརྡར།༽བསྟར་བ། གཞན་ཡང་ཁྱིམ་གྱི་མི་སྒེར་ལས་བྱ་བཀོད་སྒྲིག ༼མི་སྒེར་ནུས་རྩལ་སྦྱོང་བརྡར།༽ མཐའ་མཇུག རྒྱུགས་སྤྲོད་དགོས་པ་ནི ༼འགྲན་སྡུར་དང་འགྲན་ཚོགས་ལ་ཞུགས་ནས་རྒྱལ་ཕམ་གྱི་རྟིང་ཐག་གཅོད་པ་བཞིན་ནོ།།༽ ཁྱེད་ཀྱི་འདོད་བློ་དང་མཐུན་པར་སྨོན།